བོད་ཡིག། ༼ བོད་མིའི་སྤྱི་མཐུན་མཉམ་འབྲེལ། ༽
Kathmandu ཟླ་ ༢ ཚེས་ ༤ ཉིན་UN ནས་གོ་བསྒྲིགས་ཞུས་པའི་སྤུས་ཚད་ལྡན་པའི་ཟབ་སྦྱོང་ཞིག་བལ་ཡུན་མཉམ་ལས་པའི་ཆེད་དུ་གནང་བའི་སྐབས་དེར་སྤྱི་མཉམ་འགནལ་འཛིན་བཀྲིས་དབང་འདུས་མཆོག་ནས་འཛིན་སྐྱོང་ཚགས་ཚུད་དང་དཔལ་འབྱོར་ལེགས་བཅོས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་འདུག་། འདི་ཟླའི་ཚེས་ ༢ ནས་ ༤ བར་ NACCFL ཚོགས་མིར་དུས་ཡུན་ཉིན་ ༣ རིང་ཟབ་སྦྱོང་གནང་། ཟབ་སྦྱོང་ཐོག་གཙོ་སྐྱོང་གནང་མཁན་བལ་ཡུལ་མཉམ་འབྲེལ་བློན་ཆེན་ལྷན་ཁང་གི་དྲུང་ཡིག་ Ms. Suresh Pradhan དང་ Ms. Maira Grazia Rocchinigiani དང་ Mr. Toshiaki Ono ( FAO ) བཅས་རེད་འདུག་། ཟབ་སྦྱོང་འདིར་བལ་ཡུལ་ཡོངས་ནས་མཉམ་ལས་པ་གྲངས་ཚད་ ༥༠ བརྒལ་བ་ཙམ་ཞིག་བཅར་ཐུབ་པ་བྱུང་བ་དང་ཟབ་སྦྱོང་ཐོག་གཏམ་བཤད་གནང་མཁན་ korea ནས་ཡིན་པ་ national agriculture cooperative federation དང་ Sri Lank ནས་ཡིན་པ་ SANASA development Bank དེ་བཞིན་ ཉི་ཧོང་ནས་ཡིན་པ་ Ja Zencu བཅས་རེད་འདུག་།སྤྱི་མཉམ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་རྒྱ་གར་མཉམ་འབྲེལ་གྱི་ངོ་ཚབ་ཞུས་པ་དང་སྦྲགས། ཁོང་ནས་རྒྱ་གར་ནང་བོད་མིའི་མཉམ་འབྲེལ་ཁག་གི་འཕེལ་རིམ་ངོ་སྤྲོས་ཞུས་མ་ཐག་ཁོང་ནས་བོད་མིའི་མཉམ་འབྲེལ་ཁག་གིས་ལེགས་བཅོས་འོས་པའི་བུ་ལོན་ཁ་གསབ་ཐུབ་རྒྱུའི་ལམ་ལུགས་འོག་བོད་པའི་ཞིང་པ་ཚོར་རྒྱ་ཆ་༩༩ ལྷག་ཙམ་གྱི་སྐྱིན་ཚབ་སྤྲོད་ཐུབ་པའི་མཐུན་འགྱུར་རོགས་རམ་བྱ་ཐུབ་པའི་སྐོར། བོད་མིའི་མཉམ་འབྲེལ་ཁག་ནས་ཚོང་འགྲེམ་འདྲ་མིན་བྱེད་ཕྱོགས་དང་དེས་མཉམ་འབྲེལ་མང་ཚོགས་ལ་ཐད་ཀར་ཁེ་ཕན་བཏགས་ཐུབ་པ་མ་ཟད་ལས་དོན་འདིས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྒྱུ་རྩལ་མི་ཉམས་རྒྱུད་འཛིན་ཐུབ་པ་ཡོང་བར་ཁེ་ཕན་ཡོད་ཚུལ་བཅས་གསུང་འདུག་།DSI ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱི་༸གོང་ས་མཆོག་སློབ་ཡོན།སྤྱི་ལོ་༢༠༡༥ཟླ་ ༢ ཚེས་ ༢ ཉིན་གྱི་ཞོགས་པ་ DSI ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱི་༸གོང་ས་མཆོག་སློབ་ཡོན་ཞེས་པ་ཞིག་ Dayananda Sagar University ཡི་འགན་འཛིན་གཞོན་པ་སྐུ་ཞབས་ Shri R Janardhan དང། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོཔད་མ་བདེ་ལེགས། སྤྱི་འཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ཆོགས་རྣམས་ནས་སྦེལ་ཀོབ་བོད་ཁྱིམ་ཚོགས་ཁང་དུ་དབུ་འབྱེད་གནང་འདུག་།
མཛད་སྒོར་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་དང་སྦེལ་ཀོབ་ཉིན་སློབ་འཛིན་རིམ་༡༢ སློབ་ཕྲུག་རྣམས་པ་དང་ སློབ་ཕྲུག་ཚོའི་ཕ་མ་བཅས་བཅར་ཐུབ་པ་བྱུང་འདུག་།
མཛད་སྒོའི་ཐོག་མར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པད་མ་བདེ་ལེགས་མཆོག་ནས་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་གཉིས་ནས་སྤྱི་ཚོགས་ཡར་རྒྱས་དང་སྤྱི་ཚོག་ནང་ལས་ཀའི་གོ་སྐབས་སྤེལ་སྐྲུན་བྱ་རྒྱུ་ཙམ་མ་ཡིན་པར་སྤྱིར་བཙན་བྱོལ་བོད་མི་དང་བྱེ་བྲག་ས་གནས་མཉམ་འབྲེལ་ཚོགས་མིའི་འཕྲོད་བསྟེན་དང་དེང་དུས་ཤེས་ཡོན་གྱི་གོ་སྐབས་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་འདི་ཡིན།སློབ་ཡོན་འདིའི་ཐོག་ནས་བོད་ཕྲུག་མང་པོར་ཁེ་ཕན་ཡོང་གི་རེད་བཅས་གསུང་འདུག་།
སྐུ་ཞབས་ Shri R Janardhan མཆོག་གིས་གསུང་དོན་ DSI ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱིས་སློབ་ཡོན་བོད་ཕྲུག་ཚོར་སྤྲད་དགོས་དོན་གཙོ་བོ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱིར་འཛམ་གླིང་གི་སྐྱེས་འགྲོ་ཡོད་དོ་ཅོག་དང་བྱེ་བྲག་བོད་མི་མང་གི་བདེ་དོན་འགྲུབ་ཆེད་སྐུ་ལས་ཇེ་མང་བསྐྱོན་པའི་འབྲས་བུ་ལ་བརྟེན་ནས་ཐོབ་པ་ཞིག་རེད། སྐུ་ཞབས་ཁོང་ནས་ཤེས་ཚད་ལྡན་པའི་ལས་རིམ་མགྱོགས་མྱུར་ཁོང་གི་མཐོ་སློབ་ནང་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་དང་ཡང་ཁོང་ནས་མ་འོངས་སློབ་ཚན་གསར་པའི་ནང་བདམས་སྒྲུག་བྱས་པའི་སློབ་ཕྲུག་ཚོའི་འཆར་སྒོ་ལ་གཞིག་པའི་བཟོ་རིགས་འགོ་བཙུགས་བྱ་རྒྱུའི་སླད་ཁེ་ལས་པ་རྩེ་ཕུད་ཁག་ཅིག་ནས་མཐུན་འགྱུར་རོགས་རམ་བྱ་རྒྱུ། སློབ་ཕྲུག་ཚོ་ལོ་བཞིའི་སློབ་དུས་རྫོགས་རྗེས་ཤེས་ཡོན་ཙམ་ཡོད་པ་མ་ཡིན་པར་རང་ནུས་ཐུབ་པའི་ཚོང་ལས་ཁང་གསར་པ་ཡང་ཡོད་པ་ཞིག་ཡོང་ངེས་རེད། གང་ལགས་ཞེས་ན་སྦེང་ལོར་དེ་བཞིན་གོ་ལ་སྤྱིའི་སྟེང་ཡར་ཐོན་འགྲོ་བཞིན་པའི་གྲོང་ཁྱེར་ཞིག་ཆགས་ཀྱི་ཡོད་རེད། བྱས་ཙང་བོད་པའི་སློབ་ཕྲུག་ཚོས་ངེས་པར་དུ་གོ་སྐབས་དེ་ཆུད་ཟོས་སུ་མ་བཏང་བར་ལེན་ཐབས་ལ་འབད་བརྩོན་བྱ་དགོས་དོན་གསུང་འདུག་། ཡང་ཁོང་ནས་ DSI ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱི་སློབ་ཡོན་འདི་སློབ་ཕྲུག་ཚོའི་འཛིན་རིམ་བཅིུས་ཀྱི་གྲུབ་འབྲས་དང་ འཛུལ་ཞུགས་ཡིག་རྒྱུགས། དེ་བཞིན་སློབ་ཚན་ལས་གཞན་པའི་ཉིན་རེའི་བྱ་གཞག་གི་འབྲས་བུར་གཞིགས་ཏེ་འདེམས་སྒྲུག་བྱ་རྒྱུ་ཡིན་སྐོར་གསུང་འདུག་།
སྤྱི་ཁྱབ་འགན་འཛིན་བཀྲིས་དབང་དུས་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་ནང་བོད་པའི་སློབ་ཕྲུག་ཚོར་སྨན་གྱི་སློབ་སྦྱོང། འཛིན་སྐྱོང་གི་སློབ་སྦྱོང། བཟོ་སྐྱུན་རིག་གནས་ཀྱི་སློབ་སྦྱོང་བཅས་ཀྱི་ཐོག་ལ་སློབ་ཡོན་མི་འདྲ་བ་ཁག་ ༧༥ འབུལ་རྒྱུ་ཡིན་སྐོར་དང་སློབ་ཡོན་འདིའི་ཐོག་ནས་མི་རེ་ངོ་རེར་སློབ་དོད་རྒྱ་ཆ་ ༩༠ ཙམ་ཞིག་གིས་ཁེ་ཕན་ཡོད་ལུགས་དེ་བཞིན་སློབ་ཡོན་མི་འདྲ་བ་ཁག་ ༧༥ ཡི་རིན་ཐང་དངུལ་དམར་ཐོག་ཕབ་ན་ཕལ་ཆེར་ཧིན་སྒོར་ས་ཡ་ ༥༠ ཙམ་ཞིག་ཡིན་པའི་སྐོར་ལ་གསུང་འདུག།
འཛུལ་ཞུགས་བྱ་འདོད་པ་རྣམ་ནས་ཕྱི་ཟླ་ ༣ ཚེས་ ༣༡ རྒྱང་མེད་ www.nyamdel.com/scholarship ཞེས་པའི་དྲ་རྒྱིའི་ཐོག་ནས་འབྲེལ་བ་གནང་རྒྱུ། དེ་བཞིན་ཞིབ་ཕྲའི་གནས་ཚུལ་ཤེས་ཐབས་སུ་ཁ་པར་ཨང་གྲངས་ 7760712345 ཡང་ན tointladmission.dsi@gmail.com ཡང་ nymdel@gmail.com དྲ་རྒྱའི་ཐོག་འབྲེལ་ལམ་ཡོངས་བ་བཞུ།
རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་ཐོག་བོད་མིའི་ཁེ་ལས་པའི་དགེ་རྩ་ཞེས་པ་ཞིག་ཚུགས་རྒྱུ་ཁས་ལེན་ཞུས།
བོད་མིའི་ཁེ་ལས་པའི་དགེ་རྩ་ཚུགས་རྒྱུ་དང་ལོ་རེར་ཚོགས་ཆེན་ཚོགས་རྒྱུ་ཁས་ལེན་པའི་ཐོག་རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་འདི་ཕྱི་ཟླ་༡༢ ཚེས་ ༣༡ ཉིན་མཇུག་སྒྲིལ་ཞུས། སྐུ་ཞབས་ Vasu མཆོག་ནས་ཚོང་འབྲེལ་ལེགས་པོ་ཡོང་ཆེད་འཆར་གཞི་གང་འདྲ་བཟོ་དགོས་དོན་ཐོག་ཚོགས་བཅར་བ་རྣམ་ལ་སྦྱོང་བརྡར་སྤྲད་གནང་འདུག།
ཚེ་རིང་བདེ་སྐྱིད་ནས་དྲ་ཐོག་ཚོང་ལས་རེའུ་མིག་ www.BHODBUZZ.COM ཞེས་པ་དེ་ཚོགས་ཆེན་ཐོག་དབུ་འབྱེད་གནང་བ་དང་སྦྲགས་མ་རྩ་འཛུགས་ཕྱོགས་སྐོར་ལ་གསུང་བཤད་གནང། ད་དུང་ཁ་བཏགས་ཚོང་མཁན་ཚོང་པ་རྡོ་རྗེ་དཔལ་ལྡན་དང་དགོན་པར་ཚོན་བཏང་མཁན་བཀྲིས་ཚེ་རིང་གཉིས་ནས་ཚོང་ལས་བྱེད་ཕྱོགས་འགྲེམ་སྤེལ་ཞུས་འདུག།
དེ་རྗེས་ཧི་མ་ལ་ཡའི་རྒྱལ་སྤྱིའི་ཨིན་སྐད་སློབ་གྲྭའི་སྦྱིན་བདག་རྒྱལ་ནོར་ཚེ་དབང་དང། སྨོན་ལམ་བོད་ཡིག་བཟོ་བསྐོས་པ་བློ་བཟང་སྨོན་ལམ། ཁ་བཏགས་ཚོང་ལས་པ་རྡོ་རྗེ་དཔལ་ལྡན་དེ་བཞིན་མ་ཅུ་ཀྲེ་ལའི་( MT ) སྐད་ཡིག་སློབ་གྲྭའི་བཟང་པོ་བསྟན་འཛིན་རྣམས་ནས་སྤྱི་ཚོགས་ནང་ཁེ་ལས་པའི་འབྲེལ་བ་དང། དེའི་ཕན་ནུས། སྤྱི་ཚོགས་ནང་གལ་གནད་ཆེ་བའི་སྐོར་བཅས་ལ་གསུང་བཤད་གནང་བ་དང་ཆབས་ཅིག་ཁང་བཟོའི་འཆར་འགོད་པའམ་པར་འགྲེམས་པ་སྐུ་ཞབས་རྡོ་རྗེ་བདེ་བ་ཚང་དང་ཁང་བཟོའི་་འཆར་འགོད་པའམ་བསྟན་འཛིན་སྨན་ཁང་གི་སྦྱིན་བདག་ཤིམ་ལ་བསྟན་འཛིན་གཉིས་ནས་ཚོང་འགྲེམ་ལེགས་ཤོས་ཐོག་གསུང་བཤད་གནང་འདུག།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་ནང་སྲིད་ལྷན་ཁང་ཁུངས་གཏོགས་བོད་མིའི་ཚོང་ལས་ཡར་རྒྱས་ཚན་པ་ TED་དང། བོད་མིའི་ཚོང་ལས་སྡེ་མཚན།བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ནས་ད་ཡོད་དང་ཁེ་ལས་པའི་ཐོན་ཁུངས་གསར་པ་ངོ་སྤྲོད་གནང། བོད་མིའི་ཚོང་ལས་ཡར་རྒྱས་ཚན་པ་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་རྒྱ་གར་ནང་བོད་མིའི་ཁེ་ལས་པའི་གནས་སྟངས་སྐོར་སློབ་སྦྱོང་བྱ་ཚུལ་ངོ་སྤྲོད་ཞུས།
ཤིང་བཟོ་བ་བཀྲིས་ཚེ་རིང་དང་དྲ་ཐོག་ཚོང་ལས་རེའུ་མིག་www.BHODBUZZ.COM བཙུགས་མཁན་ཚེ་རིང་བདེ་སྐྱིས། ཁ་བཏགས་ཚོང་མཁན་ཚོང་པ་རྡོ་རྗེ་དཔལ་ལྡན་བཅས་ལ་ན་གཞོན་ནུས་འཕེལ་ལས་གཞིའི་ངོས་ནས་ཧིན་སྒོར་ ༢༥༠༠༠ རེ་འབུལ་གནང་མཛད་། ཉིན་ ༢ རིང་གི་རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་མཇུག་སྒྲིལ་རྗེས་གཤམ་གྱི་དོན་ཚན་རྣམས་ཚོགས་ཆེན་ཐོག་ཁས་ལེན་ཞུས་འདུག།།
སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༠ དང་ ༣༡ ཉིན་མོན་གྷོ་གཞིས་ཆགས་སུ་རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་ཚོགས་སྐབས་ གཤམ་གསལ་གྱི་དོན་ཚན་ཁག་ཁས་ལེན་ཞུས།
- དགོས་ངེས་ཆེ་བའི་ཁེ་ལས་པར་དཔལ་འབྱོར་རོགས་བསྐྱོར་སྤྲད་རྒྱུ།
- བོད་མིའི་ཁེ་ལས་པ་ཚོར་ Bharkor ཚོང་ར་ཞེས་པ་ཞིག་བཙུགས་རྒྱུ།
- ཁེ་ལས་པ་ནང་ཁུལ་དཔལ་འབྱོར་དང། ཐོན་ཁུངས།ཉམས་མྱོང་བཅས་ཀྱི་ཐོག་ལ་ཕན་ཚུལ་གཅིག་ཕན་གཅིག་རོགས་བྱ་རྒྱུ།
- ཚོགས་ཆེན་དེ་རྒྱུས་བོད་མི་ཁེ་ལས་པ་སྤྱི་ལ་འབུལ་བ་ཞུ་རྒྱུར་ཚོང་ལས་ཀྱི་ལམ་སྲོལ་དྲང་པོ་དང་བཟང་པོའི་ཐོག་འགྲོ་རྒྱུ།
- ལོ་རེར་རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་ཚོགས་རྒྱུ་བཅས་ཁས་ལེན་ཞུས།
བོད་མིའི་ཁེ་ལས་པར་བུ་ལོན་བརྒྱུད་དཔལ་འབྱོར་རོགས་བསྐྱོར་བྱུང་གཤམ་གསལ།
- བོད་མིའི་ཁེ་ལས་པ་ཚུགས་ཆེད་ཧིན་སྒོར་ ༡༤༦༠༠༠ དང་འགྲོ་འགྲོན་ཆེད་ཧིན་སྒོར་ ༢༥༠༠༠༠་།
- སྐྱེ་ཀ་མོས་མཐུན་གྱིས་རྡོ་རྗེ་དཔལ་ལྡན་ལ་ཧིན་སྒོར་འབུམ་༢༠༠༠༠༠་།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་གཟའ་མཇུག་ཚོང་དང་རྩིས་ཀྱི་ཟབ་སྦྱོང་ཞེས་པ་དབུ་འབྱེད་གནང།
ཟླ་འདི་ཚེས་༣༡ ཉིན་བོད་མི་ཁེ་ལས་པ་ཚོར་མཐུན་འགྱུར་རོགས་རམ་སྦྱར་ཆེད་གཟའ་འཇུག་ཚོང་དང་རྩིས་ཀྱི་ཟབ་སྦྱོང ཞེས་པ་དེ་དབུ་འབྱེད་གནང། ཟླ་རེར་བརྗོད་གཞི་འདྲ་མིན་ཐོག་སྦྱོང་བརྡར་སྤྲད་རྒྱུའི་ཐོག་མར་རྩིས་ཁྲ་བཟོ་སྟངས་དང་།འཆར་གཞི་དང་མ་རྩ་འཛུགས་བཏང།ཚོང་ཁང་དེབ་སྐྱེལ་ཞུ་བཏང་དང་ཕྲལ་རྩིས།་འཛིན་སྐྱོང་དང་སྐད་ཆ་བཤོད་སྟངས།ཚོང་འགྲེལ་དང་རྩིས་ཁྲ་བཅས་ཀྱི་ཐོག་ལ་ཡིན།
མཁས་དབང་གིས་སྦྱོང་བརྡར་སྤྲད་པ་རྣམས་བོད་སྐད་ཐོག་སྐད་འགྱུར་བྱ་རྒྱུ་དང་རུ་ཁག་རེ་རེའི་ནང་སྦྱོང་བརྡར་བ་མི་གྲངས་༡༤ཡི་ཚད་ཡིན་པ་དང་སྦྱོང་བརྡར་བ་རྣམས་ལ་མི་རེར་ཧིན་སྒོར་༢༥༠༠ ཐོབ་པའི་ནང་སློབ་ཡོན་དང་། ཁ་ལག།སྡོད་ཁང།ལག་འཁྱེར་བཅས་ཚུད་པའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་གོ་བསྒྲིགས་གནང་རྒྱུ་ཡིན།
མོན་གྷོ་སྡོད་རྒུ་གླིང་གཞིས་ཆགས་སུ་རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་དབུ་འཛུགས་གནང།
དུས་ཡུན་ཉིན་ ༢ རིང་གི་རྒྱལ་སྤྱིའི་ཁེ་ལས་པའི་ཚོགས་ཆེན་འདི་མོན་གོ་སྡོད་གུ་གླིང་གཞིས་ཆགས་ཀྱི་སྤྱི་ཁང་དུ་ཕྱི་ཚེས་ ༣༡ ཉིན་གྱི་ཞོགས་པར་དབུ་བཙུགས་གནང། མགྲོན་གྱི་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་ Norda Film City སྦྱིན་བདག་སྐུ་ཞབས Shri Sandeep Marwah མཆོག་ཡིན། ད་དུང་དགོན་སྡེ་ཁག་དང་ཚོགས་པ་ཁག་གིས་འགན་འཛིན་བཅས་ཀྱང་ཚོགས་བཅར་ཐུབ་པ་བྱུང་འདུག།།
ཚོགས་ཆེན་གྱི་ཐོག་མར་གཞོན་ནུའི་ནུས་འཕེལ་ལས་གཞིའི་འགན་འཛིན་གཡོ་སྒྲོན་ཨུ་ཀར་ཚང་ནས་སྐུ་མགྲོན་དང་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་གསུང་བཤད་དབུ་འཛུགས་གནང། ཁོང་གིས་ཚོགས་ཆེན་ཚོགས་དགོས་པའི་རྒྱུ་མཚན་དང་ཚོགས་འདུར་གསུང་བཤད་གནང་མཁན་སུ་ཡིན་མིན་ངོ་སྤྲོད་ཞུས་སོང།
སྲིད་སྐྱོང་བློ་བཟང་སེ་གེ་མཆོག་ནས་ཚོགས་འདུར་བརྗོད་དོན་གཙོ་བོ་ནི་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་ཁེ་ལས་པ་ཚོར་སེམས་འགུལ་ཐེབས་ཆེད་ལས་འཆར་གསར་པ་ཞིག་བཙུག་རྒྱུ་ཡིན་སྐོར་ཞུས་འདུག་།
Asian Academy of film and television ཡི་གཙོ་འཛིན་སྐུ་ཞབས་ Sundeep མཆོག་ནས་བོད་པའི་སློབ་ཕྲུག་ཚོར་སློབ་ཡོན་མི་འདྲ་བ་ ༥༥ སྤྲད་གནང་རྒྱུའི་གསལ་སྒྲགས་གནང་འདུག་ལ་སྒྱུ་རྩལ་བཟོ་ལས་འདི་ཧ་ཅང་ཁྱབ་ཆེ་བས་བོད་ཕྲུག་ཚོ་ཡིན་ཅིག་མིན་ཅིག་འཛུལ་ཞུགས་གནང་དགོས་གལ་ཆེ་པོ་ཡིན་པའི་སྐོར་ལ་ཡང་གསུང་འདུག་།དེ་རྗེས་ཁོང་ལ་དྲན་རྟེན་གཟེངས་རྟགས་འབུལ་གནང་མཛད།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་ཐུགས་རྗེ་ལེགས་འབུལ་གསུང་བཤད་ཀྱི་ནང་དོན་གཙོ་བོ་ནི་འདས་པའི་ལོ་རྒྱུས་ནང་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་ཁེ་ལས་པ་ཚོར་ཁ་ཡ་མ་བྱས་པར་སྣང་མེད་བཏང་བ་དང་སླད་མ་འོངས་པར་རོགས་སྐྱོར་གང་མང་གནང་དགོས་དོན་ད་དུང་ཁེ་ལས་པ་རང་ངོས་ནས་མ་དངུལ་དང་བླངས་་ཐོག་བོད་མིའི་རང་དབང་བདེན་པའི་ལས་འགུལ་ཐོག་འཛུལ་ཞུགས་གང་མང་གནང་དགོས་པའི་རེ་སྨོན་ཡང་བྱས་འདུག་།
ཚོགས་ཆེན་དེའི་སྐབས་ཞིབ་ཕྲའི་བརྗོད་གཞི་ཚོང་འགྲེལ་ལེགས་སྐྱེས་ཡོང་ཐབས་དང། བོད་མི་ཁེ་ལས་པའི་གནས་སྟངས་སྐོར་ཞིབ་འཇུག་བྱ་ཚུལ། ད་ཡོད་དང་འཐོན་གསར་ཚོང་ལས་བསྐྲུན་ཕྱོགས། དེ་མིན་དེའི་གནོན་ཤུགས་དང་སྤྱི་ཚོགས་ནང་གལ་གནས་ཆེ་པོ་ཡིན་པའི་ཐོག་གསུང་བཤད་དང་གྲོས་མོལ་གནང་ཐུབ་པ་བྱུང་འདུག།།
བོད་མིའི་ཁེ་ལས་པའི་ཚོགས་ཆེན་འདི་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ན་གཞོན་ནུས་འཕེལ་ལས་གཞི་ཟུང་འབྲེལ་ཐོག་གོ་བསྒྲིགས་གནང་བ་ཞིག་རེད། རྒྱ་གར་དང། བལ་ཡུལ།ནུབ་ཕྱོགས་རྒྱལ་ཁབ་བཅས་ནས་ཚོགས་བཅར་བ་གྲངས་ ༤༥ ལྷག་ཙམ་ཕེབས་འདུག། ཕྱི་ཚེས་ ༢༩ ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་བཅར་བ་རྣམས་ལ་འབྲས་སྤུངས་བླ་སྤྱི་ཚོགས་ཁང་དུ་མཇལ་ཕྲད་གནང་བ་སོགས་ཀྱི་གོ་སྐབས་བཟང་པོ་ཐོབ་འདུག
སྦིལ་ཀོབ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་མགྲོན་ཁང་དང་དོ་ཁང་གསར་པའི་དབུ་འབྱེད་མཛད་སྒོ།
སེར་རྗེས་མཁན་རེན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་ནས་སྤྱི་ཟླ་༡༢ ཚེས་ ༣ ཉིན་གྱི་སྔ་འདྲོའི་ཕྱགས་ཚོད་ ༡༠ པའི་ཐོག་སྦེལ་ཀོབ་ བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་མགྲོན་ཁང་གསར་པ་དབུ་འབྱེད་གནང་བ་དང་སྦྲགས་སྲོལ་རྒྱུན་ལྟར་གསོལ་ཇ་དང་འབྲས་སིལ་འབུལ་གནང་མཛད།
དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་སྦེལ་ཀོབ་ས་གནས་གཞིས་འགོ། དགོན་སྡེ་ཁག་གི་འགན་འཛིན། ས་གནས་མཉམ་འབྲེལ་ཚོགས་མི། རྒྱ་དཔོན།བོད་ཁྱིམ་སློབ་སྤྱི། རང་དབང་ཅན་གྱི་ཚོགས་པ་ཁག་གིས་འཐུས་མི་བཅས་ཕེབས་འདུག།སྦེལ་ཀོབ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡན་ལག་ཡིག་ཚང་དང་དོ་ཁང་ཀྱི་ཉེ་འདབས་སུ་མཛད་སྒོ་དབུ་འཛུགས་གནང།
མཛད་སྒོའི་ཐོག་མར་ཚོགས་གཙོ་པད་མ་བདེ་ལེགས་མཆོག་ནས་འབྱུང་འགྱུར་དང་ད་ལྟའི་བོད་མིའི་མཉམ་འབྲེལ་ཁག་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་རྗེས་ཁོང་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡན་ལག་སྦེལ་ཀོབ་ལ་བཙུགས་དགོས་དོན་གཙོ་བོ་ནི་ BPO དང་ Aqua Tibet ཞེས་པའི་ལས་གཞི་གསར་པ་ཞིག་འཛུགས་བསྐྲུན་བྱེད་ཆེད་ཡིན་པ་མ་ཟད། ཨ་ཤོམ་ཚོང་ལས་དང་ཉར་འཚག་བྱེད་ལས་ཀྱང་ཡིན། ད་དུང་ཁོང་ནས་ཚོགས་མིའི་བཅོལ་དངུལ་གྱི་དུས་ཡུན་གང་ཞིག་མི་མང་གི་འདོད་མོས་ལྟར་ས་གནས་མཉམ་འབྲེལ་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་བྱས་པ་བཅས་ཀྱི་་སྐོར་ལ་གསུང་འདུག་།
དེ་རྗེས་མཁན་རིན་པོ་ཆེས་ས་གནས་མཉམ་འབྲེལ་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལག་རྗེས་ལ་རྗེས་སུ་ཡི་རང་དང་། ལྷག་པར་མཉམ་འབྲེལ་གལ་ཆེ་ཡིན་ལུགས་དང་སྤྱི་ཚོགས་ཞབས་ཞུ་བ་རྣམས་ཆིག་སྒྲིལ་དང་ལྷག་བསམ་དགོས་དོན་ཐོག་གསུང་བཤད་གནང་འདུག།
དེ་ནས་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ Suresh དང་སྐུ་ཞབས་ Ravi གཉིས་ནས་སྦེལ་ཀོབ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡིག་ཚང་དང་དོ་ཁང་བཟོ་སྐྲུན་ལེགས་གྲུབ་བྱུང་བར་དགའ་བསུའི་མཇལ་དར་དང་ཕྱག་རྟགས་འབུལ་གནང་མཛད།
སྤྱི་མཉམ་ལྡི་ལི་ཕྱིར་ཚོང་སྡེ་ཚན་གྱི་འགན་འཛིན་མཆོག་ལོ་ངོ་ ༤༥ མཉམ་འབྲེལ་ནང་ཞབས་ཞུ་གནང་རྗེས་རྒན་ཡོལ་ཞུས།
སྤྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྡི་ལི་ཕྱིར་ཚོང་སྡེ་ཚན་གྱི་འགན་འཛིན་མཆོག་ལོ་ངོ་ ༤༥ ཞབས་ཞུ་གནང་བའི་རྗེས་སུ་རྒན་ཡོལ་ཞུས་གནང་འདུག་།
སྤྱི་ལོ་ ༡༩༦༩ ལོར་ཁོང་གུང་ལོ་ ༡༥ ཡིན་སྐབས་ཡིག་ཚང་ནང་ལས་ཀ་ཙག་ཙིག་བྱེད་སྒོ་བཙུགས། སྤྱི་ལོ་ ༡༩༨༠ ལོར་བོད་པའི་བཟོ་གྲྭར་མཐུན་རྐྱེན་སྦྱོར་སྤྲོད་ཚོགས་པ་ཞེས་པའི་མིང་དེ་བོད་མིའི་རང་འཚོའི་བཟོ་གྲྭ་ཞེས་འགྱུར་བ་བཏང་ཡང་ཚོང་ལས་བྱེད་ཕྱོགས་ལ་བསྒྱུར་བ་ཕྱིན་མེད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་ནས་གཞུང་གི་བཟོ་ཚོང་སྡེ་ཚན་སྒེར་བསྒྱུར་གནང་བ་དང་སྦྲགས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༠༦ ལོར་འགན་ཁུར་ཆ་ཚང་བླངས་རྗེས་སྤྱི་མཉམ་ལྡི་ལེ་ཕྱིར་ཚོང་སྡེ་ཚན་ཞེས་མིང་བསྒྱུར་བྱས་ཡོད། སྐུ་ཞབས་ཁོང་ནས་གང་ཐུབ་ཀྱི་འབད་བརྩོན་ཆེན་པོས་ད་བར་མཉམ་འབྲེལ་ནང་ཞབས་ཞུ་གནང་བར་བརྟེན་ཁོང་ལ་ལས་ཀའི་གནས་འབབ་དང་ལས་རིགས་མི་འདྲ་མང་པོའི་ཐོག་ལ་མཉམ་ཞུགས་དང་ལས་ཀ་བྱ་རྒྱུའི་གོ་སྐབས་ཐོབ་ཡོད། ལོ་ངོ་ ༤༥ ཞབས་ཞུ་གནང་བའི་རིང་ཁོང་གིས་ཐོག་མར་ཡིག་ཚང་གི་ལས་ཀ་ཙག་ཙིག་དང། ཡིག་སྐྱེལ་བ། ཁ་ལོ་བ། སུ་ཊོ་དོ་དམ་པ། ཐོན་སྐྱེད་དོ་དམ་པ། order ལྟ་རྟོག་པ་དང་འགན་འཛིན་གཞོན་པའི་འགན་ཞེས། དེ་བཞིན་ཕྱི་ལོ་ ༢༠༡༣ ནས་རྒན་ཡོལ་ཞུས་མཚམས་བར་ཁོང་ནས་ལྡི་ལི་ཕྱིར་ཚོང་སྡེ་ཚན་གྱི་འགན་འཛིན་གྱི་ཕྱགས་ལས་གནང་འདུག།། སྤྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༣ སྐུ་ཞབས་ Rakesh མཆོག་གི་དགའ་སྐྱེལ་གསོལ་སྟོན་ཉིན་མོར་སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱིས་བཀའ་འཁྲོལ་གནང་བའི་ལེགས་སྐྱེས་ཟུར་ཕོགས་དམིགས་བསལ་དངུལ་འཛིན་ཧིན་སྒོར་ ༥༠༠༠༠ འབུལ་གནང་མཛད།
སྦེལ་ཀོབ་བོད་མིའི་མཉམ་འབྲེལ་ཁག་ནས་མཉམ་འབྲེལ་གྱི་གཟའ་འཁོར་ཞེས་པའི་དུས་དྲན་ནང་མཉམ་བཞུགས་གནང།
ཕྱི་ལོ་༢༠༡༤ ཟླ་ ༡༡ ཚེས་༡༤ ཉིན་ Karnataka མངའ་སྡེའི་མཉམ་འབྲེལ་སྡེ་ཚན་གྱིས་གོ་སྒྲིགས་ཞུས་པའི་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་གྱི་གཟའ་འཁོར་གྱི་དུས་དྲན་སྐབས་༦༡ པ་ Raitha Bhavan (kushalnagar) ལ་གོ་སྒྲིགས་ཀྱི་སྲུང་བརྩེ་ཞུས་པའི་ནང་སྦེལ་ཀོབ་ལུག་བསམ་དང་བདེ་སླར་མཉམ་འབྲེལ་གཉིས་མཉམ་བཞུགས་གནང་ཐུབ་པ་བྱུང་ཡོད།
སྐུ་མགྲོན་གཙོ་བོ་ཀར་ན་ཀྲ་ཀ་( Karnataka) མངའ་སྡེའི་མཉམ་འབྲེལ་བློན་ཆེན་ Sri HS Mahdeva Prasad མཆོག་དང་ དེ་མིན་བློན་ཆེན་དང་མངའ་གཞུང་གྲོས་ཚོགས་འཐུས་མི་ Shri KJ George ( District Incharge Minister), Shri V Srinivas Prasad ( Excise Minister), Shri Appchu Ranjan (MLA & MP), Shri KG Bopaiaiah (MLA) དང་ Shri Venkatesh ( MLA) བཅས་མཛད་སྒོར་ཕེབས་འདུག།
Karnataka མཉམ་འབྲེལ་གྱི་ཚོགས་གཙོ་སྐུ་ཞབས་ GT Deva Gowda དང་མཉམ་འབྲེལ་དེབ་སྐྱེལ་ལས་ཁུངས་ཀྱི་གཙོ་འཛིན་ཡང་མཛད་སྒོར་བཅར་འདུག་། རྒྱ་གར་ས་གནས་མཉམ་འབྲེལ་དང་ལྷན་དུ་བོད་མིའི་མཉམ་འབྲེལ་གཉིས་ནས་གོང་གསལ་དུས་དྲན་གྱི་མཛད་སྒོའི་ཐོགས་བོད་པའི་ཐུན་མོང་མ་ཡིན་པའི་གྲུམ་གདན་། སྤོས། ལག་རྟགས་མིན་འདྲ་མང་དག་ཞིག་འགྲེམ་སྟོན་ཞུས་ཐུབ་པ་བྱུང་འདུག།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ Noida ལ་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཚོགས་ཆེན་ཐེངས་༧ པའི་ཐོག་ཚོགས་བཅར་ཞུས།
ཕྱི་ཟླ་༡༡ ཚེས་༡༣ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་ཆེན་ཐེངས་༧ པའི་འབྲེལ་ཐུས་པའམ་དྲུང་ཆེར་བསྐོ་བཞག་གནང་བས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ཚོགས་ཆེན་ལ་མཉམ་བཞུགས་གནང། ཕྱི་ཚེས་༡༡ ནས་ ༡༣ བར་གྱི་ཚོགས་ཆེན་འདི་བཞིན་རྒྱ་གར་གྱི་སྲིད་བློན་དང་པོ་ Pandit Jawaharlal Nehru སྐུ་འཁྲུངས་ནས་ལོ་ངོ་༡༢༥ ལ་ཕེབས་པའི་འཁྲུངས་སྐར་གྱི་དུས་དྲན་ཉིན་མོ་སྲུང་བརྩི་ཞུས་པ་དང་དུས་མཚུངས་ NCUI དང་ NFTC གཉིས་ཟུང་འབྲེལ་ཐོག་ནས་གོ་སྒྲིགས་གནང་བའི་ཚོགས་ཆེན་ཞིག་ཡིན། དེའི་བརྗོད་གཞིའི་ནང་དོན་གཙོ་བོ་ནི་༼རྒྱལ་སྤྱིའི་མཉམ་འབྲེལ་རྩ་འཛིན་ཐོག་འཛམ་གླིང་གཉེར་སྲུང་བྱེད་པ་དེ་ཡིན།༽
ཚོགས་ཆེན་གྱི་ཉིན་དང་པོར་བཀུར་འོས་ Padmabhushan Sri Shivajiraodada Giridhar patil མཆོག་། NFTC ཡི་ཚོགས་གཙོ་ Ram Iqbal Singh མཆོག་། IATO ཡི་ཚོགས་གཙོ་ Dr. Subhash Goyal མཆོག་། ICA ཡི་དབུ་འཛིན་ཟུར་པ་ Dr. Daman Prakesh དང་དེ་མིན་ཆེས་མཐོའི་མི་སྣ་རྣམས་ནས་གཙོ་སྐྱོང་གནང་འདུག་།
ཚོགས་ཆེན་གྱི་ཉིན་གཉིས་པར་ NCUI ཡི་ཚོགས་གཙོ་དང་རྒྱ་གར་གྲེས་ཚོགས་འཐུས་མི་ Dr. Chandrapal Singh Yadav མཆོག་། KRIBHCO ཡི་ཚོགས་གཙོ་སྐུ་ཞབས་ V. K. Patel དང་ NCUI ཡི་སྤྱི་ཁྱབ་འགན་འཛིན་ Dr. Dinesh Mishra བཅས་ནས་གཙོ་སྐྱོང་གནང་འདུག་།
ཚོགས་ཆེན་གྱི་ཉིན་གསུམ་པར་ Mahatma Gandhi ཡི་ཚ་མོ་ Mrs.Tara Gandhi མཆོག་དང་རྒྱ་གར་ཞུང་གི་མཉམ་འབྲེལ་ལས་ཁུངས་ཀྱི་དབུ་འཛིན་གཞོན་པ་ Mrs. Kamma Kashyap Sharma མཆོག་། NCDC ཡི་སྤྱི་ཁྱབ་འགན་འཛིན་ Mr. W. H. Rizvi མཆོག་དང་ Mr. Subash Gupta MD of National Federation of Urban Co-operative Banks and Credit Societies མཆོག་བཅས་ནས་གཙོ་སྐྱོང་གནང་འདུག་།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་རྒྱ་གར་ནང་ཡོད་པའི་བོད་མིའི་མཉམ་འབྲེལ་གྱི་བྱུང་རིམ་དང་ལས་དོན་ཆ་ཤས་ཙམ་ཤིག་རྟོགས་ཡོང་སླད་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཕྱི་ཚོང་སྡེ་ཚན་གྱིས་བོད་མིའི་ལག་ཤེས་བཟོ་རིག་སྣ་ཚོགས་འགྲེམ་སྟོན་ཞུས།
རྒྱ་གར་ནང་མཉམ་འབྲེལ་ཁྱོན་༦༢༥༠༠༠ ཡོད་པ་དང་ཤས་བདག་གྲངས་འབོར་ས་ཡ་ ༢༥༠ ལྷག་ཡོད་པའི་མཉམ་འབྲེལ་གྱི་གཟའ་འཁོར་ཞེས་པའི་དུས་དྲན་ཕྱི་ཟླ་ ༡༡ ཚེས་༡༤ ཉིན་འགོ་འཛུགས་ཞུས་ཡོད།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ Dr Chandra Pal Sing Yadav མཆོག་རྒྱ་གར་གྲོས་ཚོགས་གོང་མ་ Rajya Shaba ཡི་ནང་རྐུབ་སྟེགས་ཐོབ་པར་འཚམས་འདྲི་ཞུས།
ཕྱི་ཟླ་༡༡ ཚེས་ ༡༣ ཉིན་ལྡི་ལེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་ Dr Chandra Pal Sing Yadav མཆོག་ལ་རྒྱ་གར་གྲོས་ཚོགས་གོང་མ་ Rajya Shaba ཡི་ནང་རྐུབ་སྟེགས་ཐོབ་པར་འཚམས་འདྲི་ཞུས། ཁོང་ནི་ NCUI ཡི་ཚོགས་གཙོ་དང་ International Cooperative Alliance- Asia pacific ཡི་ཚོགས་གཞོན་དེ་བཞིན་འབྲེལ་མཐུན་པ་མཉམ་མྱོང་ཅན་ཞེས་རྒྱ་གར་གྲོས་ཚོགས་གོང་མ་ Rajya Shaba ཡི་ནང་ Samajwadi ཚོགས་པ་རྒྱུས་ནས་བསྐོ་གཞག་གནང་བ་ཞིག་རེད།
Dr Yadav མཆོག་གྱིས་གྲོས་ཚོགས་ནང་ལོ་དྲུག་ལྷག་ཙམ་གྱི་རྗེས་ལ་བསྐྱར་ཞུགས་གནང་བ་དང་སྐབས་༡༤ པའི་གྲོས་ཚོགས་འོག་མ་ Lok Sabha ཡི་ཚོགས་མི་ཡང་གནང་མྱོང་འདུག། ཁོང་ནི་སྲིད་དོན་པ་དང་ Samajwadi ཚོགས་པའི་ཚོགས་མི་ཡང་ཡིན།
མཉམ་འབྲེལ་གྱི་དངོས་བྱུང་གཞི་འཛིན་གློག་བརྙན་དང་བོད་ཀྱི་བརྡ་འཕྲུལ་སེལ་ཁང་ཞེས་པའི་ལས་གཞི་གསར་པ་ཞལ་དབྱེ་གནང།
ཕྱི་ཟླ་༡༡ ཚེས་༩ ཉིན་སྦེལ་ཀོབ་དང་སྦེང་ལོར་ཁུལ་གྱི་ཕྱོགས་བཞུགས་དཔལ་ལྡན་བོད་མི་མང་སྤྱི་འཐུས་དང་སྦེང་ལོར་ལྷོ་སྤྱི་ལྷན་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུང་གསར་པ་དབུ་འབྱེད་དང་སྦྲགས་བོད་ཀྱི་བརྡ་འཕྲུལ་སེལ་ཁང་ཞེས་པའི་ལས་གཞི་གསར་པ་ཡང་ཆབས་ཅིག་ཞལ་དབྱེ་གནང།
ཐོག་མར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་དུས་མཆོག་ནས་བོད་ཀྱི་བརྡ་འཕྲུལ་སེལ་ཁང་ཞེས་པའི་ཐོག་འགྲེལ་བཤད་དང་དམིགས་ཡུལ། གཞོན་སྐྱེས་ལས་ཕོད་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་འཐབ་བཅས་ཀྱི་སྐོར་ལ་གསལ་བཤད་གནང།
བོད་ཀྱི་བརྡ་འཕྲུལ་སེལ་ཁ་ཞེས་པའི་ལས་གཞི་འདིས་གཞིས་ཆགས་ནང་སྤྱི་ཚོགས་ཞབས་ཞུ་ཇི་འདྲ་གནང་འཆར་ཡོད་པ་གཤམ་འཁོད་ལྟར་ དབྱིན་བོད་ཡིག་སྒྱུར་དང་སྒྲ་སྒྱུར། དྲ་རྒྱའི་ཐོག་ནས་བོད་ཡིག་སློབ་ཁྲིད། དྲ་ལྗོངས་དང་བཟོ་བཀོད་ལ་སོགས་ཡིན།
དེ་བཞིན་ད་ལྟའི་མཉམ་འབྲེལ་གྱིས་གནས་སྟངས་དང་ལས་འགུལ་བྱ་རྒྱུ་ཇི་ཡོད། ཤས་བདག་༢༥༠༠༠ ཙམ་ཡོད་པ་རྣམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་རོགས་རམ་བྱེད་ཕྱོགས། བོད་མིའི་གཞིས་ཆགས་ཡར་རྒྱས་དང་རྒྱུན་འཛིན་ཐུབ་འཐབ་བཅས་ཀྱི་སྐོར་ལ་བཟོ་བསྐྲུན་ཞུས་པས་དངོས་བྱུང་གཞི་འཛིན་གྱི་གློག་བརྙན་གཟིགས་འབུལ་དུས་ཡུན་སྐར་མ་༣༠ རིང་ཞུས།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡིག་ཚང་གསར་པའི་དབུ་འབྱེད་མཛད་སྒོ།
ཕྱི་ཟླ་༡༡ ཚེས་༩ ཉིན་ཞོགས་པ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡིག་ཚང། ལས་ཤག་། མགྲོན་ཁང་དང་ཚོགས་ཁང་བཅས་གསར་བརྒྱབས་གྲུབ་པའི་དབུ་འབྱེད་མཛད་སྒོའི་ཐོག་མར་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགེ་འདུན་པ་ལྔ་དབུ་བཞུགས་ཐོག་བོད་ཀྱི་ལྷ་སྲུང་རྣམས་འཕྲིན་བཅོལ་གསང་གསོལ་རྒྱས་པ་འབུལ།
མཛད་སྒོའི་གཙོ་བོར་གནད་ཡོད་སྦེལ་ཀོབ་དང་སྦེང་ལོར་ཁུལ་གྱི་ཕྱོགས་བཞུགས་དཔལ་ལྡན་བོད་མི་མང་སྤྱི་འཐུས། སྦེང་ལོར་ལྷོ་སྤྱི། དེ་བཞིན་ལྷོ་ཕྱོགས་ས་གནས་འགོ་འཛིན་རྣམས་པ། ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་སྐུ་མགྲོན་ ༡༠༠ ལས་བརྒལ་བ་མཛད་སྒོར་ཕེབས་ཐུབ་པ་བྱུང་འདུག།
མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་ནས་ཡིག་ཚང་དབུ་འབྱེད་གནང་རྗེས་སྐུ་མགྲོན་རྣམས་ཚོགས་ཁང་དུ་གདན་ཞུས་ཀྱི་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན། དེ་རྗེས་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཐོག་མར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་སྐོུ་བཀྲིས་དབང་འདུས་མཆོག་ནས་དགའ་བསུའི་གསུང་བཤད་གནང།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྐུ་ཞབས་པད་མ་བདེ་ལེགས་མཆོག་ནས་ད་ལྟའི་མཉམ་འབྲེལ་གྱི་གནས་སྟངས། མ་འོང་པའི་འཆར་གཞི། མཉམ་འབྲེལ་གྱི་ལས་འགུལ་དང་མཉམ་འབྲེལ་གྱི་དགོས་པ་རྒྱུ་མཚན་བཅས་ཀྱི་ཐོག་ལ་བཀའ་སློབ་ཟབ་རྒྱས་གནང།
དེ་རྗེས་བོད་མིའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ནས་མཉམ་འབྲེལ་གྱི་དངོས་བྱུང་གཞི་འཛིན་གློག་བརྙན་དང་བོད་ཀྱི་བརྡ་འཕྲུལ་སེལ་ཁ་ཞེས་པའི་ལས་གཞི་ཞལ་དབྱེ་གནང།
མཛད་སྒོའི་མཐའ་མར་ཏ་ལའི་བླ་མའི་མཐོ་སློབ་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་གཉིས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་གྲུབ་སོང།
སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་རྒྱ་གར་རྒྱལ་ཡོང་མཉམ་འབྲེལ་མཐུན་ཚོགས་ཀྱི་་ལོ་འཁོར་ཚོགས་ཆེན་ལ་ཚོགས་བཅར་ཞུས།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ཟླ་བ་༩ པའི་ཚེས་ ༢༧ ཉིན་ལྡི་ལིར་རྒྱ་གར་རྒྱལ་ཡོང་མཉམ་འབྲེལ་མཐུན་ཚོགས་ NCUI ཚོགས་ཁང་དུ་ལོ་འཁོར་ཚོགས་ཆེན་ལ་ཚོགས་བཅར་ཞུས་འདུག། མཐུན་ཚོགས་ཀྱི་ཚོགས་གཙོ་ Dr. Chandra Pal Singh དང་རྒྱ་གར་རྒྱལ་ཡོངས་ནས་ཚོགས་མི་གྲངས་༡༥༠ ལྷག་ཙམ་ཚོགས་བཅར་ཞུས་འདུག། ཕྱི་ལོ་ ༢༠༡༣ – ༢༠༡༤ ལོ་འཁོར་ལས་སྡོམས་སྙན་གསན་གནང་བ་དང་་སྒྲགས་ ༢༠༡༥ ནས་ ༢༠༡༦ ལོ་ཡི་སྔོན་རྩིས་ཧིན་སྒོར་ས་ཡ་ ༡༦༩ ཐམ་པ་སྤྱི་མོས་ཀྱིས་བཀའ་འཁྲོལ་གནང་བ་དང་ ༢༠༡༥ ནས་ ༢༠༡༦ གིས་མཐུན་ཚོགས་ལས་འཆར་ཡང་ཆོག་མཆན་གནང་འདུག།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་རྒྱ་གར་རྒྱལ་ཡོང་མཉམ་འབྲེལ་མཐུན་ཚོགས་ཡི་ནང་ཚོགས་མི་བྱས་ནས་ལོ་གཅིག་ཙམ་ལས་ཕྱིན་མེད་པ་དང་མཐུན་ཚོགསཡི་ལོ་འཁོར་ཚོགས་ཆེན་ལ་བཅར་པ་ཐོགས་མ་ཡིན།
མེའུ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་གསར་འདེམས་ཞུས་པ།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ དང་ ༡༨ ཉིན་གཉིས་རིང་ཆོས་འཕེལ་གླིང་བོད་མིའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པ་གསར་འདེམས་གནང་བ་དང་དེ་ཡང་མཉམ་འབྲེལ་རྩ་ཁྲིམས་དགོངས་དོན་འགན་འཛིན་ཚོགས་མི་གྲངས་ ༩ འོས་འདེམས་གནང་འདུག།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ ཉིན་འགན་ལྷན་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་ཐོགས་ཚོགས་གཙོར་སྐུ་ཞབས་རིན་འཛིན་རྡོར་བརྗེ་དང་ཚོགས་གཞོན་སྐུ་ཞབས་པད་མ་ཚེ་རིང་གཉིས་འོས་འདེམས་གནང་འདུག། མེའུ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཚོགས་མིའི་དུས་ཡུན་ནི་ལོ་ལྔ་རེད་འདུག། མེའུ་མཉམ་འབྲེལ་དེ་བཞིན་ཕྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༡༡ ཉིན་དེབ་བསྐྱེལ་གནང་བ་ཞིག་ཆགས་འདུག། ད་ལྟའི་ཆར་ཤས་བདག་གྲངས་༡༢༦༦ དང་ ལས་བྱེད་གྲངས་ ༢༦ བཅས་འདུག། ཚོགས་པའི་ལས་གཞི་སྡེ་ཚན་ཁག་ནི། བཟོ་རིགས་ལྟེ་གནས། རྨོད་སློག་འཕྲུལ་འཁོར་ལྟེ་གནས། ཆུ་འཐག་ལྟེ་གནས། ཙག་ཙིག་ཚོང་ཁང་དང་ལས་ཁུངས་ཨ་མ་བཅས་ཡིན།
ཀར་ན་ཀྲ་ཀའ་ིམངའ་སྡེའི་ནང་གི་་བོད་མིའི་ཞིང་པ་ཚོར་སྟོན་ཉེས་གུན་གསབ་ཧིན་སྒོར་འབུམ་༣༤༧ ཐོབ་འདུག།
ཀར་ན་ཀྲ་ཀའི་མངའ་ཞུང་ནས་ཕྱི་ལོ་ ༢༠༡༢ ལ་ཐན་པ་བྱུང་བའི་ཁྱབ་བསྒྲགས་གནང་ཡོད། དེ་རྗེས་གཞུང་ནས་ཁྱིམ་རེར་སྟོན་ཉེས་གུན་གསབ་ཧིན་སྒོར་སྟོང་༢༥ རེ་སྟོན་ཐོག་གི་བུ་ལོན་ཆ་ཡང་གི་ངོ་བོའི་ཐོགས་གནང་འདུག། ད་དུང་གཞུང་ནས་ཞིང་པ་ཚོར་དངུལ་སྐྱེད་ཆག་ཡང་དང་སྟོན་ཐོག་ཉེན་སྲུང་འགན་ལེན་བཅས་མཉམ་འབྲེལ་རྒྱུས་ནས་གནང། བོད་མིའི་མཉམ་འབྲེལ་གྱི་ཤས་བདག་ཚོ་ལ་རྒྱ་གར་ཡུལ་མི་མཉམ་འབྲེལ་སྤྱི་མཚུངས་ལྟར་གང་ཅིའི་གུན་གསབ་ཐོབ་འདུག།
ཀར་ན་ཀྲ་ཀའི་མངའ་སྡེའི་ནང་ཆགས་པའི་བོད་མིའི་མཉམ་འབྲེལ་ལྔ་ལ་སྟོན་ཉེས་གུན་གསབ་ཧིན་སྒོར་འབུམ་༣༤༧ བཀའ་འཁྲོལ་གནང་བ་གཤམ་གསལ། མོན་འགོ་བོད་མིའི་མཉམ་འབྲེལ་རྒྱུད་འབུམ་ ༡༡༥་། ཀོ་ལེ་གྷལ་བོད་མིའི་མཉམ་འབྲེལ་རྒྱུད་འབུམ་ ༡༠༨་། བྷེལ་ཀོབ་བདེ་སྐྱིད་སླར་གསོར་འབུམ་རྒྱུད་ ༦༠་། དེ་བཞིན་ལུགས་བསམ་མཉམ་འབྲེལ་རྒྱུད་འབུམ་ ༣༡ དང་ཧོང་སུར་མཉམ་འབྲེལ་རྒྱུད་འབུམ་༣༣ བཅས་ཐོབ་ཡོད། དངུལ་སྐྱེད་ཆག་ཡང་དང་སྟོན་ཐོག་ཉེན་སྲུང་འགན་ལེན་དངུལ་འབོར་ཚོགས་པར་བྱུང་བ་ཆ་ཚང་ཤས་བདག་ཞིང་པ་ཚོར་གནང་ཡོད། དངུལ་འབོར་གང་བྱུང་བ་རྣམས་ཞིང་པ་སོ་སོས་མཉམ་འབྲེལ་ནས་སོན། ལུད། རྨོད་འཁོར་ཞབས་ཞུ་ཇི་ཞགས་ཀྱི་སྔོན་འབོར་ལ་ཞིགས་པས་ཆ་བགོས་གནང་རྒྱུ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༩ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ཀར་ན་ཀྲ་ཀའི་མཉམ་འབྲེལ་གྱི་བློན་ཆེན་སྐུ་ཞབས་ Sri Mahadeva Prasad མཆོག་གི་ཡིག་ཚང་དུ་བཅར་ནས་བོད་མི་ཞིང་པ་ཚོར་རོགས་རམས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག། མཉམ་འབྲེལ་རྒྱུད་ Karnataka མངའ་སྡེ་གཞུང་ནས་སྟོན་ཉེས་གུན་གསབ་གནང་བར་སྦེལ་ཀོབ་ཞིང་པ་སྐར་མ་ལགས་ཀྱིས་སྙིང་ཐགས་པ་ནས་ཐུགས་བརྗེ་ཆེ་བཞུ་རྒྱུ་ཡིན་ཞེས་གསུངས་འདུག། karnataka ནང་ཡོད་མཉམ་འབྲེལ་ལྔ་ནས་ལོ་རེར་བོད་མིའི་ཞིང་པ་ ༢༥༠༠ ལྷག་ཙམ་ལ་སྟོན་འབྲས་ཆེད་སྐྱེད་ཀ་ཆུང་བའི་ཐོགས་བུ་ལོན་འབུམ་༣༠༠ ལྷག་གནང་བཞིན་ཡོད།
མཉམ་འབྲེལ་སློབ་ཡོན་ཐོབ་མཁན་གྱི་གསལ་བསྒྲགས།
ཁྱོན་སློབ་ཕྲུག་གྲངས ༡༥༠ ཞུ་སྙན་འབུལ་ཁོངས་ནས་འོས་ཆོད་གྱི་ཆ་རྐྱེན་ཚང་བ་སློབ་ཕྲུག་གྲངས ༩༡ འདུག་པ་ནས་ཕྱི་ལོ ༢༠༡༤ ཟླ ༨ ཚེས ༢༥ ཉིན་མན་སྤར་གཞིས་ཆགས་སུ་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་བསྐྱངས་སྐབས་ཀྱི་སྐུ་མགྲོན་གཙོ་བོ་དང། དམིགས་བསལ་མགྲོན་འབོད་ཞུས་པའི་སྐུ་མགྲོན། དེ་མིན་སྐུ་མགྲོན་གཞན་ཁག་བཅས་ནས་བསོད་ནམས་ཅན་གྱི་སློབ་ཕྲུག་བཅུ་ཡི་མིང་ཤོག་རྒྱན་འདོན་གྱིས་ཕྱི་ལོ ༢༠༡༤ ནང་འཛིན་རིམ་བཅིུས་ཐོན་པའི་མཉམ་འབྲེལ་ཁག་བཅོ་ལྔའི་ཤས་བདག་ཕ་མའི་སློབ་ཕྲུག་བཅུ་ལ་སློབ་ཡོན་ཧིན་སྒོར། ༡༠༠༠༠ རེ་ཐོབ་གཏན་འཁེལ།
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་འཐེངས ༡༤ པ་མན་སྤར་གཞིས་ཆགས་སུ་མཇུག་བསྡོོམས་ཞུས།
༢༠༡༤།༨།༢༧ ཉིན་མན་སྤར་ནས། བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་བགྲེས་གཞོན་དང། སྤྱི་མཉམ་སྤྱི་ཁྱབ་འགན། མཉམ་འབྲེལ་དྲུང་ཆེ། འགན་འཛིན་དང་སྤྱི་མཉམ་ལས་བྱེད། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གྲངས ༧༥ ལས་བརྒལ་བས་ཉམས་བཞུགས་གནང་ཡོད།
རྒྱ་གར་རྒྱལ་ཡོངས་ཀྱི་མཉམ་འབྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས། Dr. Dinesh མཆོག་ནས་དབུ་འབྱེད་མཛད་སྒོ་དང་གཙོ་སྐྱོང་གནང། དམིགས་བསལ་མགྲོན་འབོད་ཞུས་པའི་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ནང་སྲིད་དྲུང་ཆེ་འཁོར་བླ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་མཉམ་བཞུགས་བཀྲིན་ཆེ་གནང་མཛད། དེ་བཞིན་ནང་སྲིད་དྲུང་འཕར་དང། དྲུང་གཞོན། ས་གནས་འཐུས་ཚོགས། རང་དབང་བདེན་པའི་ལས་བརྒུལ་ཚོགས་ཆུང་གི་འཐུས་མི། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲའི་དགེ་ལས་དང་སློབ་གྲུག། གཞིས་གྲོང་ཁག་གི་བརྒྱ་དཔོན་བཅས་ནས་མཛད་སྒོར་ཕེབས་བཞུགས་གནང། སྤྱི་མཐུན་མཉམ་འབྲེལ་ནས་སྒོ་སྒྲིག་དང་མན་སྤར་མཉམ་འབྲེལ་གྱི་འབྲེལ་མཐུད་ཀྱིས་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་གྱི་གྲུབ་བྱའི་དམིགས་ཡུལ་གཞིས་ཆགས་བསྲ་བརྟན་སྤྱི་དང་མཉམ་འབྲེལ་ཁག་གི་ལས་དོན་འཚགས་ཚུད་ཡོང་སླད་ཕྱི་ཟླ ༨ ཚེས ༢༥ ནས་ཚེས ༢༧ བར་ཉིན་གསུམ་རིང་མན་སྤར་གཞིས་ཆགས་སུ་ཚོགས་ཆེན་བསྐྱངས། ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་མ་ཞུས་གོང་རྒྱལ་གཅེས་དཔའོ་དཔའ་མོ་རྣམས་ནས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་མེ་མཆོད་ཕུལ་བར་མྱ་ངལ་གུས་བཏུད་སླད་ངགས་བཅད་རྐམ་གཅིག་རིང་གནང། བོད་རྒྱལ་ཁབ་ཆེན་པོ་དང་རྒྱ་གར་གྱི་རྒྱལ་གླུ་འབུལ་མཚམས་དབུས་བོད་མིའི་ཉིན་སློབ་ཀྱི་སློབ་གྲུག་རྣམས་ནས་དགའ་བསུའི་གླུ་དབྱངས་མཛད་སྡུག་ལྡན་པ་ཞིག་འབུལ་རྗེས་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་སྐོུ་བཀྲིས་དབང་འདུད་མཆོག་ནས་སྐུ་མགྲོན་གཙོ་བོར་གཙོས་པའི་ཚོགས་བཅར་ཡོངས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་གཞན་ཁག་གི་ལས་བསྡོམས་སྙིང་བསྡུས་དང། སྤྱི་མཐུན་མཉམ་འབྲེལ་ནས་མཉམ་འབྲེལ་ཁག་ལ་མཐུན་འགྱུར་ཇི་ཞུས། འབྱུང་འགྱུར་འཆར་གཞི་བཅས་སྙན་གསན་ཞུས།
སྤྱི་མཐུན་མཉམ་འབྲེལ་དང་ཚོགས་ཆེན་གྱི་གཙོ་སྐྱོང་གི་ཚོགས་གཙོ་སྐུ་ཞབས་པདྨ་བདེ་ལེགས་མཆོག་ནས་བོད་མིའི་མཉམ་འབྲེལ་ཁག་གི་འཕེལ་རིམ་གྱི་མ་རྩ་དང་གཞིས་གཞག་ས་ནི་སྤྱ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཁོ་ན་དང་བོད་མིའི་དབུས་སྒྲིག་འཛུགས་ཀྱི་སྲིད་བྱུས་དགོངས་དོན་ལྟར་ཆགས་ཡོད་པ་ཞིག་ཡིན། འདས་པའི་ལོ་རིམ་མང་ཆེ་བའི་ནང་མཉམ་འབྲེལ་ཁག་འགྱོང་གུན་ནང་ཕྱིན་པ་ནི་སྐབས་དེར་མཉམ་འབྲེལ་གྱི་ལས་སྣེ་རྣམས་ལ་མཉམ་འབྲེལ་གྱི་ཁྲིམས་སྒྲིག་འགྲོ་ལུགས་ཞན་སྐྱོན་གྱིས་འཛིན་སྐྱོང་འཚགས་ཚུད་མ་བྱུུང་བ་བཅས་ཀྱི་ཆགས་པ་དང། རྒྱ་གར་ནང་གི་མཉམ་འབྲེལ་ཁག་ནི་རྒྱ་གར་མངའ་གཞུང་སོ་སོའི་མཉམ་འབྲེལ་གྱི་རྩ་ཁྲིམས་དང་སྒྲིག་གཞི་ཁག་ལ་གཞིར་བཅོལ་བ་ཆགས་ཡོད།
དམིགས་བསལ་མགྲོན་འབོད་ཞུས་པའི་སྐུ་མགྲོན་དཔལ་ལྡན་ནང་སྲིད་དྲུང་ཆེ་སྐོུ་བསོད་ནམས་སྟོབས་རྒྱལ་འཁོར་བླ་ཚང་མཆོག་ནས་འགལ་འགངས་ཆེ་ཤོས་གཅིག་ནི་མཉམ་འབྲེལ་གྱི་ཤས་བདག་ཚོགས་མི་རྣམས་ནས་མཉམ་འབྲེལ་ལ་ཡིད་ཆེས་བསྐྲུན་རྒྱུ་དེ་ཡིན། སྐབས་བཅུ་བཞི་པའི་བཀའ་ཤག་གི་བོད་མིའི་མཉམ་འབྲེལ་ཐོག་སྲིད་བྱུས་འཛིན་ཕྱོགས་ནི་བཀའ་ཤག་སྐབས་གོང་མའི་ལམ་ལུགས་སྲིད་བྱུས་དང་གཅིག་འགྱུར་ལས་བསྒྱུར་བ་གང་ཡང་མེད་བཅས་བཀའ་ཕེབས།
༢༠༡༤ ལོའི་བོད་མིའི་སྒེར་ཁེའི་ཚོང་པའི་བྱ་དགའ་དེ་བཞིན་ཀོ་ལི་གྷལ་དོན་གླིང་གཞིས་ཆགས་ཀྱི་སྐམ་སྲེག་སེ་པན་ཚོང་པ་ངག་དབང་ཡེ་ཤེས་ལ་བརྩལ་ཐོབ་བྱུང་བ་དང་ལུགས་བསམ་བོད་མིའི་མཉམ་འབྲེལ་བརྩུགས་ནས་སྤྱི་ཚོགས་ལ་ཕན་བརླབས་རྒྱ་འགངས་ཆེ་ཞུས་ནས་ལོ་ངོ ༥༠ ཧྲིལ་པོ་འཁོར་བར་འཚམས་འདྲི་དང་ལེགས་གསོལ་གྱི་བྱ་དགའ་བརྩལ།
སྐུ་མགྲོན་གཙོ་བོ་སྐུ་ཞབས་Dr.Dinesh མཆོག་གི་བོད་མིའི་མཉམ་འབྲེལ་ཁག་གི་ལས་དོན་བྱ་ཕྱོགས་ནི་རྒྱ་གར་ནང་མཉམ་འབྲེལ་ཁག་ལས་ཧ་ཅང་ལེགས་པ་མ་ཟད་གྲུབ་འབྲས་ཡང་ཧ་ཅང་བཟང་བ་ཆགས་ཀྱི་འདུག་དེ་ཡང་ཕྱི་ལོ ༢༠༠༡༌༌༠༢ ཙམ་ལ་མཉམ་འབྲེལ་ཁག་བཅོ་ལྔའི་ནང་གྱོང་གུན་ཁྱོན་བསྡོམས་སྒོར་ས་ཡ ༧༌༠༠ ཆགས་འདུག་ནའང། ཕྱི་ལོ ༢༠༡༢༌༌༡༣ ནང་མཉམ་འབྲེལ་བཅོ་ལྔ་ནས་ཁེ་བཟང་བསྡོམས་སྒོར་ས་ཡ ༡༩༌༠༠ བཟོས་འདུག་པ་ནི་ཡར་རྒྱས་ཀྱི་རྣམ་པ་དངོས་སུ་ཐོན་པ་ཞིག་རེད་བཅས་བཀའ་གནང། ད་དུང་ཁོང་ནས་མཉམ་འབྲེལ་ཁག་གི་དམིགས་ཡུལ་ངོ་མ་ནི་མིའི་མི་ཚེ་དོན་དང་ལྡན་པ་ཞིག་བཟོ་རྒྱུ་དེ་ཡིན། རྒྱ་གར་གྱི་སྲིད་བློན་དང་པོ་མཁས་དབང་ཇོ་ཝ་ཧར་ནེ་རོ་མཆོག་གི་འཆར་སྣང་ནི་རྒྱ་གར་གྱི་གྲོང་གསེབ་ཚང་མའི་ནང་མེད་དུ་མི་རུང་བའི་དགོས་གལ་ཆེ་ཤོས་གསུམ་ནི། སློབ་གྲ་དང། མང་ཚོགས་ནས་འོས་འདེམས་ཞུས་པས་གྲོང་སྡེ་ལྷན་ཚོགས། མི་མང་མཉམ་འབྲེལ་བཅས་ཡིན་པ་དང་རྒྱ་གར་ནང་མཉམ་འབྲེལ་ཁག་འབུམ ༦ ཙམ་ཡོད་པ་དེ་དག་གི་མི་འབོར་ནི་རྒྱ་གར་གྱི་མི་འབོར་གྱི་བརྒྱ་ཆ ༢༥ ཙམ་ཆགས་ཀྱི་ཡོད་ཅིང། དེ་དེ་བཞིན་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་མིའི་མི་འབོར་ཡང་རྒྱ་གར་ནང་གི་བོད་མིའི་མི་འབོར་གྱི་བཞི་ཆ་གཅིག་ཆགས་ཀྱི་ཡོད་མོད་དང། ཁོང་གི་ད་ལྟའི་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Shri. Pranab Mukerjee མཆོག་གི་གསུང་བཤད་ཞིག་ལུང་འདྲེན་གྱིས་པའི་ནང་སྤྱིར་མི་འབོར་འཕེལ་རྒྱས་འགྲོ་བ་དང་སྟོན་འབྲས་འདེབས་ལས་ཀྱི་ཞིང་ས་ཉུང་རུ་འགྲོ་བའི་སྐབས་ལ་མི་མང་མཉམ་འབྲེལ་ནི་མང་ཚོགས་ལ་ཕན་ཐོགས་དང་འོས་བབས་ལྡན་པའི་ཚོགས་པ་ཞིག་ཆགས་ཀྱི་ཡོད་ཞེས་བརྗོད། ཁོང་གི་ད་དུང་གསུང་གསལ་མཉམ་འབྲེལ་གྱི་ཚོགས་མི་རྣམ་པས་སོ་སོའི་འགན་དང་བྱེད་སྒོ་ཁག་ངེས་པར་ཤེས་དགོས་པ་ཧ་ཅང་གལ་འགངས་ཆེ་བ་དང། ལྷག་པར་དུ་ཚོགས་མི་རྣམས་མཉམ་འབྲེལ་གྱི་བདག་པོ་ངོ་མ་ཡིན་པ་ཤེས་ཐུབ་པ་བྱ་རྒྱུ་ནི་མཉམ་འབྲེལ་གྱི་འགན་གཙོ་བོ་ཞིག་ཡིན། ཤས་བདག་མང་ཚོགས་ལ་ཕན་ཐོགས་བྱ་རྒྱུ་གཅིག་པོ་མ་ཡིན་པར་མཉམ་འབྲེལ་གྱི་དཔལ་འབྱོར་གནས་སྟངས་ཁེ་བཟང་ནང་འགྲོ་ཐུབ་པ་ཞིག་བཟོ་རྒྱུ་ནི་མཉམ་འབྲེལ་དེ་བཞིན་བསྲ་བརྟན་ཆགས་པའི་ངོས་འཛིན་ཐུབ། མཉམ་འབྲེལ་ཚོགས་མི་རྣམས་དང་ལྷག་པར་དུ་གཞོན་སྐྱེས་ཁག་ལ་ལས་ཀའི་གོ་སྐབས་སྤྲོད་རྒྱུ་ནི་མཉམ་འབྲེལ་གྱི་དམིགས་ཡུལ་གཙོ་བོ་ཞིག་ཡིན་པ་མ་ཟད་མཉམ་འབྲེལ་ནང་དེང་དུས་དང་མཐུན་པའི་གསར་སྟོད་ཀྱི་ལས་གཞི་མེད་རྐྱེན་གྱི་གཞོན་སྐྱེས་རྣམས་མཉམ་འབྲེལ་ནང་ཆ་བཤས་ལེན་མ་ཐུབ་པ་ཆགས་ཡོད། མཉམ་འབྲེལ་བཅོ་ལྔའི་ཚོགས་ཆེན་ནང་མཉམ་འབྲེལ་སོ་སོའི་ལས་བསྡོམས་དང་རྩིས་ཁྲ་སྙན་གསན་སྒྲོན་པ་དང་སྦྲགས་མཉམ་ཕན་ཚུན་ལེགས་སྤེལ་ཉེས་བཀོགས་ཀྱི་འདྲི་བ་འདྲི་ལན་གྱི་གོ་སྐབས་ཡང་མ་ཉུང་བ་གནང། ཚོགས་ཆེན་གྱི་ཉིན་གཉིས་པར་འདས་ལོའི་མཉམ་འབྲེལ་སོ་སོའི་གྲུབ་འབྲས་སོན་པ་དང་མ་སོན་པ་བཅས་ཀྱི་གནས་སྟངས་རྒྱུ་མཚན་ལྡན་པ་སྙན་གསན་ཞུས་པ་དང་སྦྲགས་མཉམ་འབྲེལ་དང་གཞིས་ཆགས་བསྲ་བརྟན་ཡོང་ཐབས་ཐོག་གོ་བསྡུར་གནང་དེ་མ་འོངས་བྱེད་འཆར་ཁག་ནང་བཀོད། དེ་ཡང་ཕྱི་ལོ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུང་གྲངས ༨༠ ཕེབས་ཀྱི་ཡོད་པར་རྟེན་སྤྱིར་བོད་གཞུང་མང་གཉིས་ནས་བརྟན་བཞུགས་རྒྱས་པ་འབུལ་བཞེས་གཏན་འཁེལ་བར་རྗེས་སུ་ཡིད་རང་ཞུ་རྒྱུ་དང། ད་དུང་༸གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་གྲུབ་པ། ལྷག་པར་དུ་བོད་བསྟན་སྲིད་ཀྱི་བདེན་མཐའ་སེལ་ཐབས་དང་བོད་མིའི་སྤྱི་མཐུན་བསོད་ནམས་གསག་བྱེད་མཉམ་འབྲེལ་ཁག་བཅོ་ལྔ་དང། དེའི་ཁྱབ་ཁོངས་སྡེ་ཚན་དང་ཚན་པ། སྤྱི་མཐུན་མཉམ་འབྲེལ་དང་སྡེ་ཚན་ཁག་བཅས་ནས་གཤམ་གསལ་ཞབས་རིམ་ཁག་གསོག་གྲུབ་བྱ་རྒྱུའི་སྤྱི་མོས་གྲོས་ཆོད་གཞག
༡༽ འཕགས་བསྟོད(འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ)
༢༽ རྒྱལ་བའི་མཚན་སྔགས།
༣༽ རྒྱལ་བའི་ཞབས་བརྟན་རབ་བྱམས་རྒྱལ་བ།
༤༽ སྒྲོལ་མ་ཉེར་གཅིག་བཅས་གང་མང་གསོག་གྲུབ་དང་དེ་བཞིན་སྲོག་བླུ་གྲངས་མང་གཏོང་རྒྱུ།
༢༠༡༤ ལོའི་བོད་མིའི་ཚོང་པའི་གཟེངས་རྟགས་ངག་དབང་ཡེ་ཤེས་ལ་ཐོབ།
༢༠༡༤ ལོའི་བོད་མིའི་སྒེར་ཁེའི་ཚོང་པའི་གཟེངས་རྟགས་དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་སྐམ་སྲེག་སེ་པན་ཚོང་པ་ངག་དབང་ཡེ་ཤེས་ལ་ཐོབ་པ་ལྟར། ཁོང་ལ་གཟེངས་རྟགས་ཀྱི་ཕྱག་འཁྱེར་དང་ཧིན་སྒོར ༢༥༠༠༠ བཅས་སྐུ་མགྲོན་གཙོ་བོ་མཆོག་ནས་གསོལ་བརྩལ་གནང་བ་དང་དོ་བདག་ནས་ངོ་སྤྲོད་བུད་ཙམ་ཞུས་པ། དེ་ཡང་ཕྱི་ལོ ༢༠༠༧ ཙམ་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དགོངས་དོན་རང་ཁ་རང་གསོ་ཡོང་ཐབས་སུ་ལས་འགུལ་འདི་འགོ་འཛུགས་ཀྱིས་ད་ལྟའི་ཆར་ཐོན་སྐྱེད་རྣམས་འགྲོ་བརྒྱུགས་གང་ལེགས་ཡོད་པ་མ་ཟད་ལས་མི ༦ ལ་ལས་ཀ་སྤྲད་ཐུབ་པའི་གཅིག་ཕན་གཉིས་རོགས་ཡོང་བཞིན་པ་དང། ལོ་གཅིག་གི་ཚོང་འབོར་ཡང་སྒོར་འབུམ ༣༠ ཙམ་ཆགས་ཀྱི་ཡོད་པ་མ་ཟད་སྐམ་སྲེག་གི་སེ་པན་ཤ་ཡོད་དང་ཤ་མེད་གཉིས་ཡོད་པ་རྣམས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་སྲེལ་ཚོང་འགྲོ་བཞིན་ཡོད་པའི་འགྲེལ་བརྗོད་ཞུས།
སྤྱི་མཐུན་མཉམ་འབྲེལ་ནས་སྐུ་ཞབས་སལ་གམ་བན་ཀོ་དང་བོད་མིའི་ཚོང་པ་ཁག་མཉམ་ཐུགས་འཕྲད་གནང་རྒྱུའི་འབྲེལ་མཐུད་ཞུས།
སྦེང་ལོར་ནས་ཕྱི་ཟླ ༦ ཚེས ༢༦ ལ། སྐུ་ཞབས་ SAL GIAMBANCO ནི་ Omidyar Network(an investment firm established by eBay founder Mr.Plerre Omidyar)༊གྱི་ཚོང་འབྲེལ་ཨ་རི་མངའ་སྡེ་ཀ་ལི་ཕོ་ནི་ཡ་ནས་ཡིན་པ་མཆོག་དང་སྦེང་ལོར་གྱི་བོད་མིའི་ཚོང་པ་ཁག་མཇལ་འཕྲད་ཀྱིས་ཁོང་གི་ཚོང་ལས་འགྲོ་བཏང་གང་ཅིའི་བཀོད་བྱུས། ཚོང་གི་འཐོན་སྐྱེད་དང་ཞབས་ཞུ་སོགས་ཀྱི་ཚོང་འགྲེམས་བྱ་ཕྱོགས་ཀྱི་མཁས་བྱུས་རྣམས་ལུང་འདྲེན་གྱི་བསམ་ཚུལ་བརྗེད་ལེན་གནང་བ།
ཚོང་པ་རྣམས་མ་མཇལ་གོང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་དང་TED ༝གྱི་འབྲེལ་མཐུད་བསྟན་འཛིན་དབང་རྒྱལ་མཉམ་བཞུགས་ཐོག་ཚོུད་ཅིག་ཙམ་རིང་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་བཅས་སྤྱི་མཉམ་ལས་ཁུངས་སུ་ཚོགས་འདུ་གནང།
ཚོགས་འདུའི་དབུ་འཛུགས་དང་བསྦྲགས་སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་ནས་མཉམ་འབྲེལ་གྱི་འབྱུང་ཁུངས་དང་དམིགས་ཡུལ། ད་ལྟའི་མཉམ་འབྲེལ་ཁག་དང་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས། མཉམ་འབྲེལ་ནས་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་དང་འབྲེལ་བའི་ལས་གཞི་མང་དག་ཞིག་འདས་ལོ་འགའ་ཤས་ནང་ཇི་བྱེད་ཀྱི་སྙན་འབུལ་ཞུས།
སྤྱི་མཐུན་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ནས་ལས་དོན་སྙན་གསན་རྗེས་སྐུ་ཞབས་ SAL GIAMBANC ༝ནས་ཁོང་གི་གཏམ་བཤད་སྒོ་འཛུགས་གནང། ཁོང་ནས་དང་པོ་སྤྱི་མཐུན་མཉམ་འབྲེལ་གྱིས་བརྩོན་པ་ཧུར་ལེན་གནང་བར་བསྔགས་བརྗོད་གནང། ཁོང་ནས་གཏམ་བཤད་གནང་བའི་དོན་སྙིང་དུ་ད་ལྟའི་ལས་གཞི་ཁག་ལ་འགྱུར་
བཅོས་དང་གསར་བསྟོད་ཀྱིས་མཉམ་འབྲེལ་ཁག་གི་ལས་གཞི་དང་ཞབས་ཞུ་ཁག་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཅིག་པོར་མ་ཡིན་པར་དེ་ལས་བརྒལ་བ་གནང་ཐབས་བྱ་རྒྱུ། ཁོང་གི་རྒྱ་གར་ནང་དང་དེ་མིན་རྒྱལ་ཁྱབ་གཞན་འགའ་ཤས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ནས་སྤྱི་ཚོགས་ཀྱི་ཉམ་ཐག་དང་གནད་སྐྱོན་ཅན་ལ་ཕན་ཐོག་དང་ཉམ་ཐག་ནས་སྐྱོབས་ཐུབ་པའི་ལམ་ལྷོང་ཆེན་པོ་ཆགས་པ་ལོ་རྒྱུས་འགྲུངསདང། ཁོང་དང་མཉམ་དུ་ཕན་ཚུན་སྒོ་བསྡུར་བྱས་འབྲས་སུ་གལ་ཆེའི་ལྷན་ཚོགས་སོགས་ཀྱི་ནང་ཉམས་བཞུགས་ཀྱིས་བསམ་ཚུལ་བརྗེད་ལེན་གྱི་ལེགས་བཅོས་དང་གསར་བསྟོད་ཀྱི་ལས་འཆར་བྱ་དགོས་རྒྱུ་ལག་གནད་ཞིག་མཐཽང།
ཁོང་ནས་བོད་མིའི་ཚོང་པ་མཉམ་དུ་གོ་བསྡུར་གནང་རྗེས་བོད་ཀྱི་གསོལ་མགྲོ་ན་ཁང་དུ་སྤྱི་མཐུན་མཉམ་འབྲེལ་ནས་གསོལ་སྟོན་ཞིག་འབུལ།
སྦེང་ལོར་དུ་སྤྱི་མཐུན་མཉམ་འབྲེལ་དང་བོད་མིའི་ཚོང་པ་རྣམས་དང་མཇལ་འཕྲད་གནང་རྒྱུ་ནི་ཁོང་གི་གཞིས་ཆགས་ནང་དང་ལྷོ་ཕྱོགས་ཀྱི་གལ་གནད་ཁག་མཇལ་འཕྲད་གནང་རྒྱུའི་ཉིན་བཞིའི་ལས་འཆར་གྱི་ཆ་ཤས་ཞིག་རེད་འདུག ཁོང་གི ༢༠༡༤ ཟླ ༦ ཚེས ༢༣༌༌༢༦ བར་ཉིན་བཞིའི་ཕྱོགས་བསྐྱོད་ལས་འཆར་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་པའི་ཡར་རྒྱས་ཉམས་ཞིབ་ཁང་ནས་སྒོ་སྒྲིག་ཞུས་པ་ཞིག་རེད་འདུག
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་བོད་མིའི་མཉམ་འབྲེལ་ཁག་གི་འགན་འཛིན་ལྷན་ཚོགས་ལ་ཉིན་གཉིས་ཀྱི་ཟབ་སྦྱོང་འཇུག་སྒྲིལ་ཞུས།
སྦེལ་ཀོབ་ནས་ཕྱི་ཟླ ༦ ཚེས ༧ ཉིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་བོད་མིའི་མཉམ་འབྲེལ་ཁག་བདུན་གྱི་འགན་འཛིན་ལྷན་ཚོགས་ལ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་ཕྱི་ཟླ་དྲུག་པའི་ཚེས ༦ དང་ ༧ བཅས་ཉིན་གཉིས་རིང་ལ་ཟབ་སྦྱོང་གོ་སྒྲིག་ཞུས། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་མཉམ་འབྲེལ་འགན་ལྷན་ཚོགས་རྣམ་པའི་མཉམ་འབྲེལ་ཁག་གི་ཁྲིམས་སྒྲིག་ཤེས་པའི་ཐོག་ནས་འགན་དབང་ཚད་ལྡན་གནང་ཐུབ་ཐབས་ལ་དམིགས་པ་དང། ད་རིང་གི་ཟབ་སྦྱོང་ཐོག་བདེ་སྐྱིད་སླར་གསོ་དང། ལུགས་བསམ། ཀོ་ལི་གྷལ། ཧོན་སུར། མོན་སྒུ། ར་སྦང་ལ། སྟི་ཛུ་བཅས་ཀྱི་བོད་མིའི་མཉམ་འབྲེལ་ཁག་གི་འགན་འཛིན་ལྷན་ཚོགས་ ༣༧ ནས་ཉམས་བཞུགས་གནང་ཐུབ་པ་དང། དེ་ཡང་མང་ཆེ་བ་འགན་འཛིན་ལྷན་ཚོགས་སུ་འདེམས་ཐོན་བྱུང་བ་དང་པོ་ཆགས་ཡོད།
ད་རིང་གི་ཟབ་སྦྱོང་གི་སློབ་ཚན་ཁག་ནི་མཉམ་འབྲེལ་ཁག་གི་རྩ་ཁྲིམས་དང། ཀར་ན་ཀྲགའི་མཉམ་འབྲེལ་གྱི་ཁྲིམས་སྒྲིག་དང་སྔོན་རྩིས་སོགས་ཀྱི་ཐོག་ཡིན་བཞིན། ཟབ་སྦྱོང་གནང་མཁན་གཙོ་བོ་ནི་ཀར་ན་ཀྲགའི་མཉམ་འབྲེལ་དེབ་སྐྱེལ་ལས་ཁུངས་ཀྱི་གཙོ་འཛིན་འཕར་མ་བགྲེས་ཡོལ་བ་སྐུ་ཞབས་ Mr.CN.Parashivamurthy. མཆོག་དང། དེ་བཞིན་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་མཆོག་ནས་ངོ་སྤྲོད་དང་བོད་མིའི་མཉམ་འབྲེལ་ཁག་གི་བྱུང་རིམ་ལོ་རྒྱུས་བཅས་ཐོག་གཏམ་བཤད་གནང། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ནས་སྔོན་རྩིས་དང་མཉམ་འབྲེལ་གྱི་རྩ་ཁྲིམས་ཐོག་ཟབ་འཁྲིད་གནང།
ཟབ་སྤྱོང་གྲུབ་མཚམས་མ་འོངས་ཟབ་སྦྱོང་གོང་མཐོར་ཡོང་སླད་ཉམས་ཞུགས་གནང་མཁན་གྱི་སྦྱོང་བརྡར་བ་རྣམས་ནས་ཟབ་སྦྱོང་གི་ལེགས་ཞན་ཇི་བྱུང་གི་བསམ་ཚུལ་བསྡུ་རུབ་ཞུས།
སྤྱི་མཐུན་མཉམ་འབྲེལ་ནས་ལས་བྱེད་དང། མཉམ་འབྲེལ་ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་སྤྱི་མཉམ་འགན་ལྷན་བཅས་ལ་སྤྱི་མཉམ་རང་གི་འགྲོ་གྲོན་ཐོག་ནུས་ལྡན་ཟབ་སྦྱོང་འབུལ་བཞིན་ཡོད་པ།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་གྱི་ཚོགས་མིར་འཛུལ་ཞུགས་བྱས།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ཁྲིམས་མཐུན་གྱིས་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་ཚོགས་མིར་དེབ་སྐྱེལ་བྱུང། རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པ་འདི་ནི་རྒྱ་གར་གཞུང་གིས་གཟིགས་རྟོགས་འགོ་ཡོད་པ་ཞིགས་ཆགས་འདུག། རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་(Chief Executive)གྱི་བརྗོད་དོན་ལ། སྤྱི་མཉམ་ནས་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པར་འཛུལ་ཞུགས་བྱས་པ་དེར་ང་རང་ཧ་ཅང་དགའ་པོ་བྱུང། རྒྱ་གར་དུ་ཧ་ཅང་ལམ་ལྷོང་ཅན་གྱི་མཉམ་འབྲེལ་ཞིག་ལུགས་མཐུན་གྱིས་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་ཚོགས་མི་ཆགས་པ་དེར་དགའ་པོ་བྱུང།
རྒྱ་གར་རྒྱལ་ཡོངས་ཀྱི་མཉམ་འབྲེལ་ཚོགས་པ་ནི་རྒྱ་གར་ནང་མཉམ་སའབྲེལ་གྱི་ལས་འགུལ་ཡོངས་རྫོགས་མཚོན་པའི་ཚོགས་པ་མཐོ་ཤོས་དེ་ཡིན། ཚོགས་པ་འདི་ནི་ཕྱི་ལོ་ ༡༩༢༩ ལོར་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་སྡེའི་ལྷན་ཚོགས་(All India Cooperative Institutes Association) ཞེས་གསར་འཛུགས་གནང་ཞིང། ཕྱིས་སུ་ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པ་ (National Cooperative Union of India) ཞེས་གཏན་འབེབས་གནང། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་ཚོགས་མིར་ཚོགས་སྡེ་ ༢༠༧ ཆགས་ཡོད།
སྤྱི་མཉམ་ནི་ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༢༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ Multi-State Cooperative Societies Act གཞིར་བཟུང་དེབ་སྐྱེལ་ཞུས་པ་རེད། སྤྱི་མཉམ་གྱི་ཚོགས་མིའི་ཁོངས་སུ་རྒྱ་གར་ནང་བོད་མིའི་མཉམ་འབྲེལ་བཅོ་ལྔ་དེབ་སྐྱེལ་བྱས་ཡོད་། མཉམ་འབྲེལ་འདི་དག་ནས་རྒྱ་གར་ནང་གི་གཞིས་ཆགས་ཆེ་ཁག་བཅོ་ལྔའི་མ་ཤས་རྣམས་དང་དེ་བཞིན་མི་མང་དཀྱུས་མའི་འདོད་མོས་ལ་གཞིགས་པའི་བྱེད་སྒོ་སྣ་མང་གི་མཐུན་ཞེས་གྲུབས་ཀྱི་ཡོད།
ཏི་ཛུའི་མཉམ་འབྲེལ་ནས་འགན་འཛིན་ལྷན་ཚོགས་གསར་པ་འོས་འདེམས་ཞུས།
ཉེ་ཆར་ཏི་ཛུའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་གསར་འདེམས་ཞུས། མཉམ་འབྲེལ་གྱི་སྒྲིག་དོན་ལྟར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྔ་འོས་འདེམས་བྱས། འགན་འཛིན་ལྷན་ཚོགས་གསར་པ་འདིའི་ཚོགས་གཙོ་གསར་པར་སྐུ་ཞབས་དབང་རྒྱལ་ཉི་མ་འདེམས་ཐོན་བྱུང། ཏི་ཛུའི་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་དུས་ཡུན་ལོ་གསུམ་ཡིན།
ཏི་ཛུའི་མཉམ་འབྲེལ་ནི་ཕྱི་ལོ་ ༡༩༦༤ ལོར་འགོ་འཛུགས་བྱས། ད་ལྟའི་ཆར་མ་ཤས་ཚོགས་མི་ ༨༠༠ དང་ལས་བྱེད་༡༩ ཡོད། མཉམ་འབྲེལ་འདིའི་བྱེད་སྒོར་འདྲུད་འཐེན་འཁོར་ལོའི་སྡེ་ཚན་དང་། ལག་ཤེས་སྡེ་ཚན། འོ་མ་ཚོང་འབྲེལ་སྡེ་ཚན། མི་མང་ཁ་པར་སྡེ་ཚན། གྲོ་ཞིབ་བཟོ་ལས་ཀྱི་གློག་ཐག་ཁང་བཅས་ཚུད་ཡོད།
སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་བཀྲིས་དབང་འདུས་མཆོག་ལ་རཱ་ཇིབ་གཱན་དྷི་ཕུལ་བྱུང་གྱི་གཟེངས་རྟགས་ཐོབ།
རྒྱ་གར་ཆིག་སྒྲིལ་ཚོགས་པ་ (Indian Solidarity Council) དང་རྒྱལ་སྤྱིའི་ཚོང་དོན་ལྷན་ཁང་(International Business Council) གཉིས་ཀྱིས་ཤེས་ཡོན་དང་སྤྱི་ཚོགས། དེ་བཞིན་དཔལ་འབྱོར་ཡར་རྒྱས་གོང་འཕེལ་གྱི་ལྷན་ཚོགས་ཤིག་རྒྱལ་ས་ལྡི་ལིའི་ཀི་རི་ཤི་ནཱ་མེ་ནན་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་སྐབས། སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་སྐུ་ངོ་བཀྲིས་དབང་འདུས་མཆོག་སུ་རཱ་ཇིབ་གཱན་དྷི་ཕུལ་བྱུང་གི་གཟེངས་རྟགས་དང་ཕུལ་བྱུང་གི་ཕྱག་འཁྱེར་བསྩལ་གནང་འདུག གཟེངས་རྟགས་དེ་རྒྱ་གར་གི་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཇི་ཝི་ཇི་ཀི་རི་ཤི་ནཱ་མུར་ཐི་ (G.V.G Krishnamurthy) མཆོག་གིས་གནང་། སྐབས་དེར་སྤྱི་ཁྱབ་འགན་འཛིན་མཆོག་དང་ལྷན་དུ་གནད་ཡོད་མི་སྣ་ཁག་ནི་རྒྱ་གར་གྱི་བློན་ཆེན་ཟུར་པ་ཌོག་ཊར་བྷི་ཤི་མ་ནཱ་རེན་སིངྒ་ (Dr. Bhishma Narain Sing) མཆོག་དང་མངའ་སྡེའི་སྲིད་སྐྱོང་དང་ཁྲིམས་ཞིབ་ཟུར་པ་ཨོ་པི་ཝར་མ་ (O.P. Verma) མཆོག་བཅས་ཕེབས་ཡོད་།
སྤྱི་ཁྱབ་འགན་འཛིན་མཆོག་གིས་བོད་མིའི་མཉམ་འབྲེལ་གྱི་ལས་དོན་ཡར་རྒྱས་གོང་འཕེལ་དང་གསར་གཏོད་ཞབས་འདེགས་ཞུས་པ་དེར་གཟེངས་རྟགས་དེ་བསྩལ་འདུག། སྐུ་ཞབས་བཀྲིས་དབང་འདུས་མཆོག་ནས་ཕྱི་ལོ་ ༢༠༡༠་ཟླ་ ༡༢ ནང་སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་གྱི་ཕྱག་འགན་བཞེས་འདུག
སྤྱི་མཉམ་འགན་་འཐུས་ནས་སྔོན་རྩིས་ཧིན་སྒོར་ས་ཡ་ ༡༧༣ བཀའ་འཁྲོལ་གནང།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་ཕྱི་ལོ་ ༢༠༡༣-༢༠༡༤ ལོའི་སྤྱི་མཉམ་འགན་འཛིན་ལྷན་ཚོགས་ཚོགས་ཐེངས་བཞི་པ་་དེ་སྤྱི་མཉམ་སྤྱི་ཁྱབ་ཡིག་ཚང་དུ་ཚོགས་འདུག འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་མ་ཚོགས་གོང་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནས་ཉིན་གསུམ་རིང་སྤྱི་མཉམ་གྱི་སྡེ་ཚན་རེ་རེའི་སྔོན་རྩིས་ལ་ཞིབ་འཇུག་ནན་པོ་གནང་བ་དང་སྒྲགས་སྔོན་རྩིས་བཀའ་འཁྲོལ་གནང་ཕྱོགས་ཐད་རྒྱབ་གཉེར་གྱི་སྙན་ཐོ་བཟོས། མཐར་འགན་འཛིན་ལྷན་ཚོགས་ནས་རྩིས་ལོ་ ༢༠༡༤-༢༠༡༥ ལོའིསྔོན་རྩིས་ཧིན་སྒོར་ས་ཡ་ ༡༧༣་ བཀའ་འཁྲོལ་རྩལ་གནང་འདུག།
ལུགས་བསམ་མཉམ་འབྲེལ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་་སྲུང་བརྩི་ཞུས།
སྤྱི་ལོ་༢༠༡༤ཟླ༣ཚེས་ ༢༠ སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་མཉམ་འབྲེལ་གྱི་མི་མང་ཚོགས་ཁང་དུ་་ལུགས་བསམ་མཉམ་འབྲེལ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་མགོ་འཛུགས་ཞུས་འདུག། མཛད་སྒོ་དེར་སྐུ་མགྲོན་གཙོ་བོ་དབུས་བོད་མིིའི་སྒྲིགས་འཛུགས་ཀྱི་དཔལ་ལྡན་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང། ལུགས་བསམ་དང་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་རྣམ་གཉིས། སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་བཅས་མཉམ་ཞུགས་གནང། གཞན་ཡང་མཛད་སྒོ་འདིར་ལུགས་བསམ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཟུར་པ་དང། བདེ་སྐྱིད་སླར་གསོ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་དང་མཉམ་དྲུང་། གྲོང་སྡེ་ཁག་གི་བརྒྱ་དཔོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་ཁག དགོན་སྡེ་ཁག་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང། སྐུ་མགྲོན་གཙོ་བོ་ནས་མཆོད་མེ་ཞལ་འབྱེད་གནང་བའི་རྗེས་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས། དེ་ནས་བོད་བསྟན་པ་ཆབ་སྲིད་སླད་རང་ལུས་མེར་མཆོད་འབུལ་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་སྐར་མ་གཅིག་རིང་ངག་བཅད་གུས་བཏུད་ཞུས། མཉམ་འབྲེལ་ནས་བོད་མིའི་རང་དབང་བསྐྱར་གསོའི་སླད་ཞབས་འདེགས་ཞུས་རིགས་རྣམས་གསལ་སྟོན་གནང་བའི་སྐབས་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་གི་བརྗོད་དོན་དུ། སྤྱིར་བོད་མིའི་མཉམ་འབྲེལ་གྱི་མ་ཤས་ཚོགས་མིའི་ལྟ་བ་ཐ་དག་མཉམ་འབྲེལ་གྱི་དགོས་དམིགས་བཞིན་མཉམ་འབྲེལ་གྱི་ལས་འགུལ་སྟངས་འཛིན་བྱེད་ཕྱོགས་ལ་བརྟེན་པས། མཉམ་འབྲེལ་གྱི་བྱེད་སྒོ་ཁག་གིས་མི་སྒེར་སོ་སོ་དང་སྤྱི་ཚོགས་ཀྱི་དཀའ་ངལ་ཐད་ཕན་ནུས་ཆེན་པོ་སྦྱིན་གྱི་ཡོད། ཡང་སྒོས་སུ་ཁོང་ནས་མཉམ་སྦྲེལ་གྱི་ལས་དོན་ཐོག་ཡར་རྒྱས་གོང་འཕེལ་ཡོང་སླད་བོད་པའི་ན་གཞོན་རྣམས་ལ་མཉམ་འབྲེལ་གྱི་ལངས་ཕྱོགས་སུ་ཆ་ཤས་མང་ཙམ་ལེན་པ་དང་འགན་དབང་མང་ཙམ་གནང་དགོས་ཚུལ་ཐད་ནན་པོ་གསུངས། སྐུ་མགྲོན་གཙོ་བོ་མཆོག་ནས་ལུགས་བསམ་མཉམ་འབྲེལ་གྱི་ཡར་རྒྱས་གོང་འཕེལ་དང་མ་ཤས་ཚོགས་མི་རྣམ་པས་ཡིད་ཆེས་དང་གདེང་སྤོབས་རྙེད་པ་དེར་བསྔགས་བརྗོད་གནང་ཞིང། མཉམ་འབྲེལ་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་རིག་སྡེ་ཚན་ཉམས་གུད་འབྱུང་བ་དེར་དཔྱད་ཞིབ་བྱེད་དགོས་ཚུལ་གསལ་པོ་གསུངས།
ལུགས་བསམ་མཉམ་འབྲེལ་དང་སྤྱི་མཉམ་གྱི་ཚོགས་གཙོ་གཅིག་ལྕོག་པདྨ་བདེ་ལེགས་མཆོག་གིས། དེ་རིང་ནི་ལུགས་བསམ་མཉམ་འབྲེལ་ནས་འདས་པའི་ལོ་ལྔ་བཅུའི་ནང་ལེགས་འབྲས་སོན་པ་དེ་དག་དྲན་གསོ་གཏོང་བའི་ཉིན་མོ་ཞིག་ཡིན། ཁོང་ནས་མ་ཤས་ཚོགས་མི་རྣམས་ནས་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ཡོང་བའི་སླད་སྤྱི་ཚོགས་ནང་ཆ་ཤས་ལྷུག་པོ་གནང་དགོས་པ་གལ་ནན་ཡིན་སྐོར་གསུངས།
མཛད་སྒོ་དེའི་སྐབས་སྐུ་མགྲོན་དང། བརྒྱ་དཔོན། མཉམ་འབྲེལ་གྱི་ཚོགས་གཙོ་ཟུར་པ། འགན་ཚོགས་ལྷན་ཚོགས་ཀྱི་ཚོགས་མི། མཉམ་དྲུང་རྣམས་ལ་དྲན་རྟེན་གྱི་ཕྱག་རྟགས་ཕུལ། ཕྱི་ལོ་ ༡༩༦༤ ཟླ་ ༣ ཚེས་ ༢༠ ཉིན་ལུགས་བསམ་མཉམ་འབྲེལ་ནས་ཁྲིམས་མཐུན་གྱིས་དེབ་སྐྱེལ་བྱས། མཉམ་འབྲེལ་འདིའི་ཚོང་ལས་ཀྱི་སྡེ་ཚན་དུ་ཨ་ཤོམ་ཚོང་ལས་དང། འདྲུད་འཐེན་འཕྲུལ་འཁོར་དང་འཕྲུལ་འཁོར་བཟོ་ལས་ཁང། སྣུམ་ཚུགས། ལག་ཤེས་སྡེ་ཚན། མི་མང་གི་ཚོགས་ཁང་ལ་སོགས་པ་ཚུད་ཀྱི་ཡོད། དེང་གི་ཆར་མཉམ་སྦྲེལ་འདིར་མ་ཤས་ཚོགས་མི་ ༣༡༧༡ ཙམ་ཡོད།
བདེ་སྐྱིད་སླར་གསོའི་མཉམ་འབྲེལ་གྱི་ལས་ཁུངས་གསར་པ་དབུ་འབྱེད་གནང།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༩ ཉིན་བདེ་སྐྱིད་སླར་གསོའི་མཉམ་སྦྲེལ་གྱི་སྤྱི་ཁྱབ་ཡིག་ཚང་གསར་པ་འདི་བཞིན་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་གདུང་སྲས་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང། དབུ་འབྱེད་ཀྱི་མཛད་སྒོ་འདིར་ལུགས་བསམ་གྱི་ས་གནས་འགོ་འཛིན་དང། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན། སྤྱི་མཉམ་གྱི་ཚོགས་གཙོ། སྤྱི་མཉམ་སྤྱི་ཁྱབ་འགན་འཛིན། སྤྱི་མཉམ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད། བདེ་སྐྱིད་སླར་གསོའི་བརྒྱ་དཔོན། གཞན་ཡང་ཚོགས་པ་འགའི་འགན་འཛིན་བཅས་སྐུ་མགྲོན་དུ་ཕེབས་འདུག་།
གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་གྲུབ་པའི་རྗེས་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་གྱི་ཚོགས་གཙོ་བསྟན་འཛིན་ནོར་བུ་ལགས་ནས་ལས་ཁང་གསར་པ་འཛུགས་སྐྲུན་བྱེད་པའི་སྐབས་འགྲོ་གྲོན་ཇི་ཙམ་སོང་བ་རྣམས་སྙན་གསེང་ཞུས་པ་དང་ཆབས་ཅིག་ཏུ་བཟོ་ལས་དོ་དམ་པ་སུ་རེཤ་ནས་བཟོ་ལས་ཀྱི་འགན་བླངས་པ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཕུན་ཚོགས་ལགས་ནས་ལས་ཁང་འདིའི་འཛུགས་སྐྲུན་ཆེད་དམིགས་བསལ་དོ་འཁུར་བཞེས་པ་དེར་ཐུགས་རྗེ་ཆེ་ཞུས། དེ་ནས་ཁོང་རྣམ་པ་གཉིས་ལ་ས་གནས་གཞིས་འགོ་གཉིས་ནས་ཕྱག་རྟགས་བསྩལ།
དབུ་འབྱེད་མཛད་སྒོ་འདིར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ཡོངས་ནས་མཉམ་ཞུགས་བྱས། ལས་ཁང་གསར་པ་འདིའི་འགྲོ་གྲོན་ཐ་དག་ཕྱིའི་ཞལ་འདེབས་ལ་མི་བརྟེན་པར་མཉམ་འབྲེལ་རང་ནས་བཏང་བ་ཞིག་རེ་འདུག།། བདེ་སྐྱེད་སླར་གསོའི་མཉམ་འབྲེལ་འདི་ནི་ཕྱི་ལོ་ ༡༩༦༩ ནང་དབུ་བརྙེས་ཤིང། མཉམ་འབྲེལ་འདིར་མ་ཤས་ཚོགས་མི་ ༡༩༠༧ ཡོད། མཉམ་འབྲེལ་འདིར་སོ་ནམས་འདེབས་ལས་ཚན་པ་དང། ལག་ཤེས་སྡེ་ཚན། སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར། མི་མང་གི་ཚོགས་ཁང། བོད་ཟས། མི་མང་ཞབས་ཞུ་ཚན་པ་ལ་སོགས་པའི་བྱེད་སྒོ་ཁག་ཚུད་ཀྱི་ཡོད།
སྤྱི་ཁྱབ་འགན་འཛིན་མཆོག་ནས་མན་པཊ་གཞིས་ཆགས་སུ་ཆུ་དྭངས་བསྐྲུན་པའི་འཕྲུལ་ཆས་ཤིག་དབུ་འབྱེད་གནང།
ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༤ ཉིན་སྔ་དྲོར་སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་ལི་ཊར་་༡༠༠༠ ཅན་གྱི་ UV and RO System water treatment plant དང་མན་པཊ་མཉམ་འབྲེལ་གྱི་སྤྱི་ཐབ་དབུ་འབྱེད་གནང། དབུ་འབྱེད་ཀྱི་མཛད་སྒོ་འདིར་ས་གནས་འགོ་འཛིན་སྐལ་ལྡན་མཆོག་དང། དཔལ་ལྡན་བོད་མི་མང་སྤྱི་འཐུས་འཇིགས་མེད་འཇུག་གནས། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། མཉམ་སྦྲེལ་གྱི་ཚོགས་གཙོ་དང་མཉམ་དྲུང་ལ་སོགས་པའི་མཛད་གཙོ་མང་པོ་མཉམ་ཞུགས་བྱས། དབུ་འབྱེད་ཀྱི་མཛད་སྒོ་འདི་དག་ཐོག་མར་རྙིང་མ་དགོན་པའི་བླ་མ་ཉི་མ་མཆོག་ནས་རབ་གནས་གནང་རྗེས་སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་སྐུ་ངོ་བཀྲིས་དབང་འདུས་མཆོག་ནས་དབུ་བྱེད་གནང། མཉམ་དྲུང་སྐལ་བཟང་རྒྱ་མཚོ་ལགས་ནས་མཛད་གཙོ་རྣམ་པ་གདན་འདྲེན་ཞུས་ཏེ་ལས་གཞི་འདི་དང་དེ་དག་གི་སྦྱིན་བདག་ཁག་ངོ་སྤྲོད་གནང་། སྤྱི་ཐབ་འདི་ནི་ཨ་མ་ཕུན་ཚོགས་དང་ཆུ་དྭངས་གཙང་བཟོ་འཕྲུལ་ཆས་འདི་ནི་སྐྱབས་བཅོལ་བོད་མིའི་དགེ་རྩ་ཚོགས་པ་བརྒྱུད་ནས་ཨི་ཊ་ལིའི་འོད་ཟེར་ཚོགས་པ་ནས་རོགས་དངུལ་གནང་བ་རེད། བོད་མིའི་མཉམ་འབྲེལ་ནས་དཔལ་འབྱོར་དང། ཤེས་ཡོན། ལས་རིགས། འཕྲོད་བསྟེན། རིག་གཞུང་བཅས་བྱེད་སྒོ་རབ་དང་རིམ་པའི་སྒོ་ནས་ཚོགས་མི་རྣམས་པར་ཞབས་འདེགས་སྒྲུབ་ཀྱི་ཡོད།
གཞིས་ཆགས་འདིའི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་ནི་ས་འོག་གི་ཆུ་ཡིན་ཞིང། ས་འོག་གི་ཆུ་འདིར་རྫས་རིགས་མང་པོ་ཞིག་གིས་ཀླད་པ་དང་ནད་རིགས་མང་པོའི་ནད་འབུ་ཡོད་པ་དེ་ལྟར་མཉམ་འབྲེལ་ནས་ཆུ་དྭངས་གཙང་བཟོས་འཕྲུལ་ཆས་འདི་གསར་འཛུགས་ཀྱིས་ཕན་རླབས་ཆེན་པོ་ཆགས་ཡོད། མཉམ་འབྲེལ་ནས་རིན་གོང་འཚམ་པོའི་སྒོ་ནས་འཐུང་ཆུ་འཚོང་གི་ཡོད། ཕྱིས་སུ་སྐུ་ངོ་བཀྲིས་དབང་འདུས་མཆོག་ནས་མན་པཊ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་དང་ལས་བྱེད་རྣམས་ཉིན་ཕྱེད་རིང་མཇལ་འཕྲད་ཀྱི་མཉམ་འབྲེལ་ཡར་རྒྱས་གོང་འཕེལ་གཏང་ཕྱོགས་ཐད་གྲོས་བསྡུར་བྱས།
ཕྱི་ཟླ་ ༢ ཚེས་ ༢༥ སྔ་དྲོར་སྐུ་ངོ་བཀྲིས་དབང་འདུས་ལགས་ནས་མ་ཤས་ཚོགས་མི་རྣམས་ལ་གསུང་བཤད་གནང། སྐབས་དེར་ཁོང་གིས་བརྗོད་དོན་དུ། བོད་མིའི་གཞིས་ཆགས་བསྲ་གཏན་གནས་པ་དེ་གཙོ་བོར་མཉམ་འབྲེལ་གྱི་གྲུབ་འབྲས་ལེགས་སོན་ལ་བརྟེན་པ་དང་། མཉམ་འབྲེལ་གྱི་གྲུབ་འབྲས་ལེགས་སོན་ནི་ཚོགས་མི་རྣམ་པས་ཆ་ཤས་མཉམ་བཞུགས་ལ་རག་ལས་ཡོད། དེར་བརྟེན་ཚོགས་མི་རྣམས་ནས་མཉམ་འབྲེལ་གྱི་བྱེད་སྒོར་ཕྱར་འབྲུ་མཉམ་འདེགས་གནང་སྟེ་ནུས་ཤུགས་དགོང་གཏོང་དགོས་ཚུལ་གསུངས། རྒྱ་གར་ཆ་ཏི་སི་གྷར་མངའ་ཁོངས་སུ་ཆགས་པའི་མན་པཊ་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༢ ལོར་འགོ་འཛུགས་ནས་སྐྱབས་བཅོལ་བོད་མི་ ༡༤༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད། དེའི་རྗེས་སུ་ས་གནས་དེའི་མཉམ་འབྲེལ་དེབ་སྐྱེལ་བྱས་་པ་རེད། གཞིས་ཆགས་འདིར་གྲོང་སྡེ་བདུན་དང་དགོན་པ་བཞི་ཡོད།
དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་ནས་ཧི་མ་ལ་ཡའི་དུས་སྟོན་དུ་མཉམ་ཞུགས་བྱས།
ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༩ ཉིན་མངའ་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་ཞུས་པ་དེར་དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་ནས་མཉམ་ཞུགས་བྱས། དུས་སྟོན་འདིའི་དགོས་དམིགས་གཙོ་བོ་ནི་ཧི་མ་ལ་ཡའི་ས་ཁུལ་ནང་གི་སྤྱི་ཚོགས་འདྲ་མིན་བར་གྱི་རིག་གཞུང་རྣམས་བརྗེ་ལེན་བྱ་རྒྱུ་ཡིན་པ་དང་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཝིར་སྦ་དྡར་སིང་མཆོག་ནས་དུས་སྟོན་དབུ་འབྱེད་གནང། གཞན་ཡང་དུས་སྟོན་འདིར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་པའི་བློན་ཆེན་སྐུ་ཞབས་མོ་ཧན་ཅོ་ཧན་མཆོག་ལ་སོགས་པའི་མཛད་གཙོ་རྣམ་པས་མཉམ་ཞུགས་གནང་ཡོད།
དྷ་ས་བོད་ཀྱི་གསོལ་མགྲོན་ཁང་ནས་བོད་ཀྱི་ཁ་ཟས་སྣ་ཚོགས་འགྲེམས་སྟོན་དང་བཙོང་འདུག དུས་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་ཐོག་འདྲ་པར་གྱི་འགྲེམས་སྟོན་དང། བོད་གཞུང་སྨན་རྩིས་ཁང་ནས་སྨན། རྡོ་རྗེ་བྲག་དགོན་པས་རྡོ་མཚོན་གྱི་དཀྱིལ་འཁོར་བཅས་འགྲེམས་སྟོན་གནང། བོད་ཀྱི་ཟློས་གར་ཚོགས་པ་དང། འབྲས་ལྗོངས་པ། འབྲུག་པ། ལ་དྭགས། བལ་པོ་སོགས་ནས་ཡུལ་ལུང་སོ་སོའི་རིག་གཞུང་འཁྲབ་སྟོན་མཛད།
ཨོ་རི་སའི་བོད་མིའི་ཞིང་པ་ཚོར་བོད་མིའི་མཉམ་འབྲེལ་གྱི་ལས་བྱེད་རྣམ་པའི་ཉིན་གཅིག་གི་ཕོག་འབབ་ཞལ་འདེབས་འབུལ་རྒྱུ་གནང༑
ཉེ་ཆར་པི་ལན་ཞེས་པའི་ཆར་རླུང་དྲག་པོས་ཨོ་རི་སའི་གཞིས་ཆགས་ཀྱི་སྟོན་ཐོག་རྣམས་བཤུལ་མེད་བཟོད་པ་དེར་བོད་མིའི་མཉམ་འབྲེལ་གྱི་ལས་མི་བརྒྱད་བརྒྱ་ལྷག་གི་ཉིན་གཅིག་གི་ཕོག་འབབ་རྣམས་ཞིང་པ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དང་ངལ་སེལ་གྱི་ཚུལ་དུ་འབུལ་རྒྱུ་ཡིན་འདུག
སོ་ནམ་འདེབས་ལས་ནི་ཨོ་རི་སའི་གཞིས་མི་རྣམས་ཀྱི་འཚོ་བའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་དང་ལོ་གཉིས་བཏུད་མར་ཞིང་ལས་ཐད་གཞིས་མི་རྣམ་པར་དཀའ་ངལ་འཕྲད་པ་ཞིག་ཡིན། ཕྱི་ལོ་༢༠༡༢ ནས་ ༢༠༡༣ ལོར་ཡུལ་མི་སྤྱོད་ངན་འགས་ནས་ཞིང་པ་ཚོར་ཞིང་ལས་འདེབས་མི་འཇུག་པའི་རྐྱེན་གྱིས་ལོ་གཅིག་ཧྲིལ་པོ་སྟོན་ཐོག་འདེབས་ལས་ཐུབ་མེད། ཉེ་སྔོན་པི་ལན་ཞེས་པའི་ཆར་རླུང་དྲག་པོ་དེས་འཚར་ལོངས་བྱེད་བཞིན་པའི་སྟོན་ཐོག་བརྒྱ་ཆ་ ༩༠ ཙམ་ཤུལ་མེད་བཟོས་པ། ཞིང་པ་རྣམ་པས་དངུལ་ཁང་དང་མཉམ་འབྲེལ་ནས་དངུལ་འབོར་ཆེན་པོ་བུ་ལོན་བླངས་ཏེ་ལུད་དང། ལས་མི། སོན། གཞན་ཡང་སོ་ནམ་འདེབས་ལས་དང་འབྲེལ་བའི་མཁོ་ཆས་ཆེད་མ་རྩ་བཏང་ཟིན་པ་རྣམས་ཆར་རླུང་དྲག་པོ་དེས་ཞིང་པ་ཚོར་གུན་ཆག་ཆེན་པོ་ཕོག་ཡོད།
སྤྱི་མཉམ་སྤྱི་ཁྱབ་ཡིག་ཚང་ནས་ཨོ་རི་ས་མཉམ་འབྲེལ་བརྒྱུད་ཞིང་པ་ཚོར་ངལ་སེལ་སླད་ཧིན་སྒོར་འབུམ་གཉིས་ཞལ་འདེབས་གནང་རྒྱུ་ཡིན།
སྤྱི་མཉམ་ནས་ཨོ་རི་ས་མཉམ་འབྲེལ་མངའ་སྡེ་གཞུང་གི་རོགས་དངུལ་དང་རམ་འདེགས་རྣམས་ཞུ་འབུལ་བྱེད་དགོས་པའི་ལམ་སྟོན་དང། རོགས་དངུལ་རྣམསདུས་ཐོག་ལག་སོན་ཡོང་བའི་མཐུན་འགྱུར་བྱེད་རྒྱུ་ཡིན། ང་ཚོས་རྒྱལ་སྤྱིའི་མི་མང་དང་ལྷག་པར་འཛམ་གླིང་ཡོངས་སུ་གནས་པའི་བོད་མི་རྣམ་པར་ཨོ་རི་ས་ཞིང་པའི་ཆེད་ངལ་སེལ་ཞལ་འདེབསའབོད་སྐུལ་ཡོང་བ་ཞུ་རྒྱུ་ཡིན།
སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་མཆོག་ཡུ་རོབ་དང་ཨ་རིར་ཕྱོགས་བསྐྱོད།
སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ ནས་ ཕྱི་ཟླ་ ༡༡ ཚེས་༤ བར་ཡུ་རོབ་དང་ཟླ་ ༡༡ ཚེས་ ༤ ནས་ ༢༡ བར་ཨ་རིར་ཕྱོགས་བསྐྱོད་གནང་རྒྱུ་ཡིན། ཁོང་ནས་སྤྱི་མཉམ་གྱི་ཕྱི་ཚོང་འདི་དག་ཡར་ཐོན་གོང་འཕེལ་ཡོང་སླད་ཡོ་རོབ་ཏུ་གནས་པའི་སྤྱི་མཉམ་གྱི་ཕྱི་ཚོང་ཚོང་ཤག་ (Fair Trade Buyer) རྣམ་པ་དང་མཇལ་འཕྲད་གནང་རྒྱུ་ཡིན། ཡུ་རོབ་ནང་གི་གནས་སྡོད་བྱེད་པའི་བོད་མིིའི་ལྷན་དུ་ཚོགས་འདུ་ཚོགས་ཏེ་སྤྱི་མཉམ་གྱི་མ་འོངས་པའི་ལས་གཞི་དང་སྦེང་ལོར་དུ་ཡོད་པའི་བདེ་སྐྱིད་ཁང་གསར་ཞེས་པའི་སྡོད་ཁང་དུ་མ་འཛུགས་བྱ་རྒྱུའི་པའི་གོ་སྐབས་ཡོད་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་མ་ཟད། རང་ཁ་རང་གསོ་གལ་ཆེན་པོ་ཡིན་པའི་སྐོར་དང་བོད་མིའི་སྤྱི་ཚོགས་སུ་དེ་དག་གྲུབ་ཐུབ་པའི་དམངས་གཞི་ཡོད་པའི་སྐོར་གཏམ་བཤད་གནང་རྒྱུ་ཡིན།
ཨ་རིར་ཕྱོགས་བསྐྱོད་གནང་བའི་སྐབས་བོད་ཀྱི་ཐེབས་རྩ་ཁང་གི་མཛད་གཙོ་རྣམ་པ་མཇལ་འཕྲད་གནང་སྟེ་སྦེལ་ཀོབ་གཞིས་ཆགས་སུ་གསར་འཛུགས་གནང་འཆར་ཡོད་པའི་ Tibet Infotech Solution-rural BPO དང་འབྲེལ་བའི་གྲོས་མོལ་གནང་རྒྱུ་ཡིན་པ་མ་ཟད་ཚོང་འབྲེལ་དང་མ་འཛུགས་དང་འབྲེལ་བའི་ལས་གཞི་ཆེད་གལ་ཆེ་བའི་མི་སྣ་དང་མ་འཛུགས་བྱ་མཁན་རྣམས་དང་མཇལ་འཕྲད་གནང་རྒྱུ།
ཁོང་ནས་ཡུ་རོབ་ནང་གི་རྒྱལ་ཁབ་སུད་སི་དང། ཕ་རན་སི། བྷེལ་ཇམ། ནེ་ཐར་ལེནཊ། ཇར་མི་ནི། ཨོས་ཊི་རི་ཡ་བཅས་དང་ཨ་རིའི་ནང་གི་ས་ཁུལ་ནེའུ་ཡོག་དང། བྷོས་ཊོན། མི་ནི་སོ་ཊ། སན་ཕྷ་རན་སི་ཀོ། སི་ཡ་ཊལ་བཅས་སུ་ཕྱོགས་བསྐྱོད་གནང་རྒྱུ་ཡིན།
སྤྱི་མཉམ་གྱི་གཟིགས་སྐྱོང་འོག་ཏུ་ད་ལྟ་འགྲོ་བཞིན་པའི་ལས་གཞི་ Tibet Infotech Solution, Nyamdel Finance-community banking བོདམིའི་སྤྱི་ཚོགས་ནང་དུ་ཐོག་མར་བྱུང་བའི་བོད་མིའི་ལག་ཤེས་དང་ལག་ཤེས་ཀྱི་དངོས་པོ་རྣམས་ཚོང་འགྲེམས་བྱེད་པའི་དྲ་རྒྱའི་ཚོང་སྡེ་ www.TIBETeSHOP.com ཞེས་པ་ལྟ་བུའི་ལས་གཞི་འགའ་ཞིག་ཡོད།
གོ་རྟོགས་ཆེད་གཤམ་དུ་བཀོད་པའི་ས་གནས་བོད་མིའི་ཚོགས་པ་ཁག་ལ་འབྲེལ་མཐུད་གནང་བར་ཞུ། ཟླ་༡༠ཚེས་༢༩ ཉིན་པེ་རིས། ཟླ་ ༡༠ ཚེས་ ༣༠ ཉིན་བུར་སེལ། ཟླ་༡༠ ཚེས་ ༣༡ ཉིན་ཨེམ་ས་ཊེམ། ཟླ་ ༡༡ ཚེས་ ༡ ཉིན་མུ་ནིག ཟླ་༡༡ ཚེས་ ༣ ཉིན་ཛུ་རིག ཟླ་ ༡༡ ཚེས་ ༦ ཉིན་ནིའུ་ཡོག ཟླ་ ༡༡ ཚེས་ ༨ ཉིན་བོས་ཊོན། ཟླ་ ༡༡ ཚེས་ ༩ ཉིན་མི་ནི་སོ་ཊ། ཟླ་ ༡༡ ཚེས་ ༡༢ ་ཉིན་བ་ཤིང་ཊོན་ཏི་སི། ཟླ་ ༡༡ ཚེས་ ༡༦ ཉིན་སན་ཕ་རིན་སོ་ཀོ
ལུགས་བསམ་མཉམ་སྦྲེལ་ནས་ལོ་འཁོར་ཚོགས་ཆེན་ཐེངས་༤༩ པ་བསྐྱངས་འདུག་།
ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༥ ཉིན་ལུགས་བསམ་མཉམ་འབྲེལ་གྱི་མི་མང་ཚོགས་ཁང་དུ་ལུགས་བསམ་མཉམ་སྦྲེལ་གྱི་ཚོགས་ཆེན་ཐེངས་ ༤༩ པ་ཚོགས་པ་དེར་སྐུ་མགྲོན་གཙོ་བོ་ནི་ལུགས་བསམ་གྱི་ས་གནས་འགོ་འཛིན་སྐུ་ངོ་སྐར་མ་དགྲ་འདུལ་མཆོག་དང། ཚོགས་འདུ་དེའི་དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྤྱི་ཟུར་དཀོན་མཆོག་ནོར་བུ་མཆོག་དང། སྦེལ་ཀོབ་ BRDL ཚོགས་གཙོ་བསྟན་འཛིན་དཔལ་འབྱོར་ལགས། FTCI Bylakuppe GM སྐུ་ཞབས་ཉི་མ་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་འདུག ཚོགས་འདུའི་དབུ་འབྱེད་མཛད་སྒོར་མཉམ་སྦྲེལ་གྱི་འགན་འཛིན་ལྷན་
ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཕུན་ཚོགས་ནོར་བུ་ལགས་ནས་མར་མེ་ཞལ་འབྱེད་དང་༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་སྒྲོན་པའི་མཚམས་སུ་ངོ་སྤྲོད་ཀྱི་གསུང་བཤད་གནང། ཚོགས་གཞོན་ནས་མངའ་སྡེ་གཞུང་གི་བཀའ་རྒྱ་དང་མཐུན་པའི་མཉམ་སྦྲེལ་གྱི་སྒྲིག་གཞི་དང་ལམ་ལུགསགཞི་བཟུང་མཉམ་སྦྲེལ་གྱི་ནང་ཁྲིམས་རྣམས་བསྐྱར་བཅོས་ཡོང་བར་མོས་མཐུན་ཡོད་མེད་བཀའ་འདྲི་བཀའ་འཁྲོལ་ཞུས༑
འདས་ལོའི་ལས་དོན་ཇི་བྱས་ཀྱི་ལས་བསྡོམས་སྡེ་ཚན་རེ་རེ་བཞིན་མཉམ་འབྲེལ་དྲུང་ཆེ་ནས་སྙན་གསན་ཞུས། དེ་བཞིན་རྩིས་པ་ཆེན་མོ་ནས་མཉམ་འབྲེལ་གྱི་རྩིས་ཀྱི་གནས་སྟངས་སྡེ་ཚན་རེ་རེ་བཞིན་སྙན་གསན་སྒྲོན་མཚམས་མཉམ་འབྲེལ་ཚོགས་གཙོ་སྐུ་ཞབས་པདྨ་བདེ་ལེགས་མཆོག་ནས་མཉམ་འབྲེལ་གྱི་སྤྱི་ཡོངས་ཀྱི་གནས་སྟངས་དང་མཉམ་འབྲེལ་ནས་མ་ཤས་རྣམས་ལ་མཐུན་འགྱུར་ཇི་ཞུས། དེ་བཞིན་ལས་དོན་ཇི་བྱས་ཀྱི་གྲུབ་འབྲས་ཇི་སོན་བཅས་ཀྱི་གསུང་བཤད་རྒྱས་པ་གནང་བ་དང་སྦྲགས་མ་ཤས་མང་ཚོགས་ནས་མཉམ་འབྲེལ་གྱི་ལས་དོན་ཐོག་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་ཀྱི་དགོངས་འཆར་འདོན་མཁན་རྣམས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་འདུག༑
དེ་ནས་རྩིས་པ་ཆེན་མོ་ནས་མཉམ་འབྲེལ་རྩ་ཁྲིམས་གཞི་བཟུང་མ་ཤས་ཚང་འཛོམས་ཐོག་རྩིས་ལོ་ ༢༠༡༣ ནས་༡༠༡༤ ལོའི་སྔོན་རྩིས་བཀའ་འཁྲོལ་ཞུས། སྔ་ལོ་ཤ་བདག་མང་ཚོགས་གཙང་ཁེ་ཇི་བྱུང་ནས་ཧིན་སྒོར་འབུམ་༤༢ ཙམ་ཟུར་བཅད་ཞུས་འདུག་། ལོ་འཁོར་ཚོགས་ཆེན་སྐབས་ཤས་བདག་ནས་ཚོང་འབྲེལ་མང་ཤོས་དང་ཚོགས་པའི་སྡེ་ཚན་འདྲ་མིན་དུ་ལས་གཞི་མང་ཤོས་བྱེད་པའི་མ་ཤས་ཚོགས་མི་ ༥༡ ཙམ་ལ་དངུལ་དང། འབྲས། ཟ་སྣུམ། འབྲུ། མི་དྷ། སྤོས་ལ་སོགས་པའི་དངོས་རིགས་སྣ་ཚོགས་ལེགས་སྐྱེས་ཕུལ། མཉམ་མའབྲེལ་ནས་མ་ཤས་ཚོགས་མི་རྣམ་པར་ཕན་འདོགས་ཆེད་གཞིས་གྲོང་རེར་ཧིན་སྒོར་འབུམ་རེར་གནང་འདུག།། སྔ་ལོ་ཡང་དངུལ་འབོར་དེ་ལྟར་གནང་འདུག་
སྐུ་མགྲོན་གཙོ་བོ་སྐུ་ངོ་སྐར་མ་དགྲ་འདུལ་མཆོག་ནས་མཇུག་བསྡོམས་གསུང་བཤད་དུ་ཚོགས་གཙོ་དང། འགན་འཛིན་ལྷན་ཚོགས། སྤྱི་ཁྱབ་འགན་འཛིན། ལས་བྱེད་བཅས་ནས་སྐུ་ངལ་བསྐྱོན་པ་ལ་བསྔགས་བརྗོད་གནང་བ་མ་ཟད། འགན་འཛིན་ལྷན་ཚོགས་དང་ལས་བྱེད་རྣམ་པས་མུ་མཐུད་ནས་སྐུ་ངལ་ད་ལྟ་བཞིན་བསྐྱོན་དགོས་པའི་ནན་སྐུལ་བྱས་པ་དང་མ་ཤས་ཚོགས་མི་རྣམ་པར་ཚོགས་པའི་ནང་དུ་མཉམཞུགས་ལྷུག་པོ་གནང་བའི་རེ་སྐུལ་ཞུས་སྟེ་ཚོགས་འདུ་རྒྱས་ཁའི་ངང་གྲོལ་འདུག།
བོད་ཀྱི་ཐེབས་རྩ་ཁང་གི་སློབ་སྟོན་པ་ནས་བོད་མིའི་ཚོང་པ་རྣམས་མཇལ་འཕྲད་གནང།
ཚོང་ལས་གོང་འཕེལ་སྡེ་ཚན་དང། (Entrepreneur development cell) མཉམ་འབྲེལ་དངུལ་ཁང། Rural BPO བཅས་གསར་འཛུགས་ཆེད་བོད་ཀྱི་ཐེབས་རྩའི་ཚོང་སྡེ་གོང་འཕེལ་གྱི་སློབ་སྟོན་པ་ཆེ་བ་པི་ཊར་ཀོར་ཡན་སི་ཀི་མཆོག་ནས་ལྡི་ལི་དང་། དྷ་རམ་ས་ལ། སྦེང་ལོར་བཅས་སུ་བསྐྱོད་དེ་ཉིན་བཅུའི་རིང་དབུས་བོད་མིའི་སྒྲིག་འཛུགས་དང། སྤྱི་མཉམ། བོད་མིའི་ཁེ་ལས་པ་བཅས་མཛད་གཙོ་རྣམ་པ་མཇལ་འཕྲད་གནང་འདུག
ཁོང་གི་སྦེང་ལོར་གྱི་མཛད་འཆར་ནི་བོད་ཀྱི་གསོལ་མགྲོན་ཁང་དུ་སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་མཆོག་དང་ལས་བྱེད་རྣམ་པ་མཇལ་འཕྲད་གནང་སྟེ་འགོ་འཛུགས་ཞུས། ཁོང་ནས་BPO, Tibet Infotech Solutions ལ་སོགས་པའི་ལས་འཆར་ཐོག་གྲོས་མོལ་གནང། ཉིན་རྗེས་མར་པི་ཊར་ལགས་ནས་བོད་མིའི་ཚོང་པ་ཁག་དང་། ཚོགས་གཙོ། སྤྱི་ཁྱབ་འགན་འཛིན་བཅས་དང་་ལྷན་དུ་མཉམ་སྦྲེལ་གྱི་ཚོང་ལས་རྒྱ་བསྐྱེད་ཀྱི་ལས་འཆར་དང་འབྲེལ་བའི་གནད་དོན་ཐད་གྲོས་བསྡུར་ཟབ་རྒྱས་གནང། ཁོང་ནས་བོད་མིའི་གཞིས་ཆགས་ཀྱི་གངས་ལྗོངས་དང་དོར་པན་བཟོ་གྲྭ་ལྷན་དུ་བཀའ་མོལ་གནང་ཡོད་ལ། ཤི་བ་ཇི་ན་གར་དུ་བོད་མིའི་སུད་ཚོང་པ་དང་མཇལ་འཕྲད་གནང། དེའི་རྗེས་སུ་སྦེང་ལོར་གྱི་བོད་མི་ཁེ་ལས་པ་ཉི་ཤུའི་ལྷན་དུ་ཚོགས་འདུ་ཚོགས་པ་རེད། ཁོང་ནས་ནི་ལ་མན་ག་ལར་བསྐྱོད་དེ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་གཟིགས་སྐྱོང་གནང་བའི་བཟོ་ལས་སྡེ་ཚན་ (YES Vocational Training Center) གྱི་སྦྱོང་བརྡར་སློབ་ཕྲུག་རྣམས་དང་མཇལ་འཕྲད་གནང། ཁོང་ནས་ཚོགས་འདུ་ཡོངས་སུ་བོད་མི་དགེ་རྩ་ནས་མཉམ་འབྲེལ་གྱི་དངུལ་ཁང་འཛུག་བསྐྲུན་བྱ་རྒྱུ་མ་ཟད་བོད་མི་ཁེ་ལས་པའི་སྡེ་ཚན་རྣམས་ཡར་རྒྱས་གོང་འཕེལ་སླད་ཕྱག་རོགས་ཇི་ལྟར་གནང་ཚུལ་ཐད་དཔྱད་ཞིབ་བྱ་རྒྱུ་ཡིན་ཞུས།
བོད་ཀྱི་ཐེབས་རྩ་ཁང་ནི་བསྐྱབ་བཅོལ་བོད་མི་རྣམ་པར་ཕྱག་རོགས་ཞུས་པའི་ཆེད་པྱི་ལོ་ ༡༩༨༡ ལོར་ནིའུ་ཡོག་ཏུ་གསར་འཛུགས་ཀྱིས་ཁེ་བཟང་མེད་པའི་ཚོགས་པ་ཤིག་ཡིན། བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང། ཤེས་ཡོན། སྐྱབས་བཅོལ་གཞིས་ཆགས་བསྲ་གཏན། རིག་གཞུང་སྲུང་སྐྱོབ། དཔལ་འབྱོར་གོང་འཕེལ་ཐོག་རྒྱབ་སྐྱོར་བྱ་རྒྱུ་བཅས་ནི་བོད་ཀྱི་ཐེབས་ རྩའི་ལས་གཞིར་ཚུད་ཀྱི་ཡོད།
བོད་མིའི་མཉམ་འབྲེལ་ཚང་མ་ཁེ་བཟང་ཐོན་པ་ལོ་རྒྱུས་ནང་དང་པོ་ཡིན།
བོད་མིའི་མཉམ་འབྲེལ་ཁག ༡༥ ཆ་ཚང་ལོ་ལྔ་བཅུའི་ལོ་རྒྱུས་ནང་ཁེ་བཟང་ཐོན་པ་དང་པོ་ཆགས་ཡོད། དེ་ཡང་རྩིས་ལོ ༢༠༡༢༌༌༢༠༡༣ ནང་གཙང་ཁེ་བསྡོམས་ཧིན་སྒོར་འབུམ་༡༣༠ ཐོན་འདུག། རྩིས་ལོ ༢༠༠༡ ནང་མཉམ་འབྲེལ་ཁག ༡༠ གྱོང་གུན་དང་མཉམ་འབྲེལ་ཁག ༥ ཁེ་བཟང་དང་ཕྱི་ལོ ༢༠༠༨ བར་མཉམ་འབྲེལ་ལྔ་ལྷག་རྟག་བཅར་གྱོང་གུན་ནང་འགྲོ་བཞིན་འདུག་ནའང་རིམ་པའི་གྱོང་གུན་ལོ་རེ་ནས་ལོ་རེ་ཉུང་དུ་ཕྱིན་ཏེ་རྩིས་ལོ ༢༠༠༩་་༢༠༡༠ དང། ༢༠༡༠༌༌༢༠༡༡ ནང་མཉམ་འབྲེལ་ཁག ༣ མ་གཏོགས་གྱོང་གུན་ཕྱིན་མེད་པ་དང། རྩིས་ལོ ༢༠༡༡༌༌༢༠༡༢ ནང་མཉམ་འབྲེལ་གཉིས་ལས་གྱོང་གུན་ནང་ཕྱིན་མེད། ཕྱི་ལོ ༡༩༨༠ ལོ་དཀྱིལ་ནང་མཉམ་འབྲེལ་ཁག་གི་སྒྲུབ་འབྲས་ཧ་ཅང་ཞན་སྐྱོན་གྱིས་གྱོང་གུན་ཧ་ཅང་ཆེ་བས་སྐྱོན་གྱི་མཉམ་འབྲེལ་ཁག་གི་ཚོང་གི་སྡེ་ཚན་གང་ཙམ་སྒོ་བརྒྱབས་དགོས་བྱུང་བའི་ཁར་མཉམ་འབྲེལ་གྱི་གནས་སྟངས་ནི་བུན་ནག་གི་འཁོར་ལོའི་ལྟེ་བ་ལྟབུ་ཆགས་པའི་ལོ་རྒྱུས་བྱུང་འདུག།
ཕྱི་ལོ ༢༠༡༣ ལོའི་བོད་མིའི་ཚོང་པའི་གཟེངས་རྟགས་རྡོ་རྗེ་དཔལ་ལྡན་ལགས་སུ་ཕུལ།
བོད་མིའི་མཉམ་འབྲེལ་ཁག་གི་ལོ་འཁོར་ཚོགས་ཆེན་འཐེངས ༡༣ པ་དེ་བཞིན་ལུགས་བསམ་བོད་མིའི་མཉམ་འ༜བྲེལ་ཚོགས་ཁང་དུ་དབུ་འབྱེད་གནང་སྐབས། ཕྱི་ལོ ༢༠༡༣ ལོའི་བོད་མིའི་ཚོང་པའི་གཟེངས་རྟགས་དེ་བཞིན་མོན་གོ་གཞིས་ཆགས་ནས་ཡིན་པ་སྐུ་ཞབས་རྡོ་རྗེ་དཔལ་ལྡན་ལགས་སུ་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་ཟམ་ གདོང་རིན་པོ་ཆེ་མཆོག་གི་ཕྱག་ནས་གསོལ་བརྩལ་ཐོབ་ཡོད། རྡོ་རྗེ་དཔལ་ལྡན་གྱི་ཚོང་ནི་ལྕགས་ཧྲུག་ཟང་ཧྲུག་ལ་སོགས་པའི་གད་སྙིགས་ནང་གི་བེད་མེད་ཤེལ་དམ་དང། གྷིག་ཤོག་ཤོག་སྙིགས་དང་དེ་དང་དྲ་བ་གཞིས་ཆགས་ནང་མཁོ་བསྒྲུབས་ཀྱིས་ཕྱིར་ཚོང་གིས་དངོས་སུ་ཁེ་བཟང་བཟོ་ཐུབ་པ་བྱུང་བ་མ་ཟད། བོད་མིའི་གཞིས་ཆགས་དེར་གཙང་སྦྲ་ཁོར་ཡུག་ལ་ཕན་པའི་བྱ་བ་ཆེན་པོ་ཡང་གྲུབ་ཐུབ་ཡོད། ཁོང་གི་ཚོང་དེ་བཞིན་ཕྱི་ལོ ༢༠༡༠ ལ་མགོ་འཛུགས་བྱས་པ་དང། ད་ལྟའི་ཆར་ཁོང་ལ་ལས་མི ༥ ཡོད་པ་དང་ཁོང་གི་ལོ་གཅིག་གི་ཚོང་འཁོར་འབབ་ཧིན་སྒོར་འབུམ ༣༌༦༢ བྱེད་ཀྱི་ཡོད་འདུག ཁོང་ལ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཕྱག་ནས་གཟེངས་རྟགས་གི་རྟག་མ་ཞིག་དང། ཕྱག་འཁྱེར་དང་དངུལ་འཛིན་ཧིན་སྒོར ༢༥༠༠༠ གནང་སོན་བྱུང་རྗེས་ཁོང་ནས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ཡི་ཕྱག་ནས་གཟེངས་རྟགས་ཞུ་རྒྱུ་རགས་པ་ནི་ཧ་ཅང་གི་དགའ་འཚོར་ཤིན་ཏུ་ཆེན་པོ་སྐྱེས་པ་དང་ཁོ་རང་གི་བསམ་དོན་ཚང་མ་བསྒྲབས་སོང་བཅས་ཞུས་པ་དང་དེ་བཞིན་མོན་གྷོ་བོད་མིའི་མཉམ་འབྲེལ་ནས་མཐུན་འགྱུར་གནང་བ་ནི་རང་ཉིད་ཀྱི་རྒལ་རུས་ལྟབུ་ཡིན་བཅས་ཞུས་སོང།
༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་མིའི་མཉམ་འབྲེལ་ཁག་གི་ལོ་འཁོར་ཚོགས་ཆེན་ཐོག་ཐུགས་སྨོན་བཀའ་དྲིན་བསྐྱངས་པ།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་དང་ལུགས་བསམ་བོད་མིའི་མཉམ་འབྲེལ་གྱི་འབྲེལ་མཐུད་གནང་བས་ཐོག་ནས་བོད་མིའི་མཉམ་འབྲེལ་ཁག ༡༥ རཚོགས་ཆེན་འཐེངས ༡༣ པ་དེ་ལུགས་བསམ་བོད་མིའི་མཉམ་འབྲེལ་ཚོགས་ཁང་ནང་ཕྱི་ཟླ ༨ ཚེས ༢༠ ནས ༢༢ བར་ཉིན་གསུམ་རིང་བསྐྱངས་ཡོད། ཚོགས་ཆེན་གྱི་དབུས་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་དང།དགོན་པ་གྲྭ་ཚང་ཁག་གི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག གཞིས་གྲོང་སོ་སོའི་སྤྱི་མི་བརྒྱ་དཔོན་བཅས་སྐུ་མགྲོན་དུ་ཕེབས་ཡོད། སྐུ་མགྲོན་གཙོ་བོ་ནས་མར་མེ་ཞལ་ཁ་འབྱེད་དང་མཛད་སྒོ་དབུ་འཛུགས་ཞུས། ཐོགས་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་འབུལ་རྗེས་རྒྱལ་གཅེས་དཔའོ་དཔའ་མོ་རྣམས་ནས་བོད་རྒྱལ་དང་མི་རིགས་ཀྱི་དོན་དུ་སྐུ་ལུས་མེ་མཆོད་ཕུལ་བར་མྱ་ངལ་གུས་བཏུད་ཆེད་མངགས་བཅད་སྐར་མ་གཅིག་གནང། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་དགའ་བསུའི་གསུང་བཤད་གནང་བ་དང་སྦྲགས། བོད་མིའི་མཉམ་འབྲེལ་ཁག་དང་སྤྱི་མཐུན་མཉམ་འབྲེལ་བཅས་ཀྱི་གནས་སྟངས་སྙན་ཐོ་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་ལྷག་པར་དུ་སྤྱི་མཐུན་མཉམ་འབྲེལ་དང་བོད་མིའི་མཉམ་འབྲེལ་ཁག་གི་ལས་གཞི་ནས་ཚོགས་མི་རྣམས་ལ་ཕན་བརླབ་ཇི་ཡོད་དང་ད་དུང་འབྱུང་གྱུར་འཆར་གཞི་ཁག་ཇི་ཡོད་བཅས་ངོ་སྤྲོད་གནང། དེ་རྗེས་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྐུ་ཞབས་པདྨ་བདེ་ལེགས་ལགས་ནས་སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཉམ་འབྲེལ་ཁག་གི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་དང།བོད་མིའི་མཉམ་འབྲེལ་ཁག་ནས་དམིགས་བསལ་འགྲུབ་བྲས་ཐོན་པ་ནི་མཉམ་འབྲེལ་ཁག་ཁེ་བཟང་ནང་གནས་ཐུབ་པ་མ་ཟད་འཛིན་སྐྱོང་ལས་དོན་དང་ཚོགས་མི་རྣམས་ལ་ཞབས་ཞུ་ཕན་ཐོགས་ལོ་མང་སྔོན་གྱི་གནས་སྟངས་དང་བསྡུར་ན་ཧ་ཅང་ལེགས་པོ་ཞུ་ཐུབ་པ་བྱུང་ཡོད། ད་དུང་ཁོང་གི་གནས་ཡུལ་རྒྱ་གར་གྱི་སོ་ནམ་པ་ནང་བཞིན་ཀར་ན་ཀྲག་ཀའི་མངའ་གཞུང་ནང་ཡོད་བོད་མིའི་མཉམ་འབྲེལ་ཁག་གི་ཚོང་མི་རྣམས་ལའང་ཞིང་བུན་དང། དངུལ་བསྐྱེད་གུན་གསབ། སྟོན་ཉེས་གུན་གསབ་བཅས་ཐོབ་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་ཕྱི་ལོ ༢༠༡༣ ལོའི་ཚོང་པའི་གཟེངས་རྟགས་དེ་མོནགྷོ་གཞིས་ཆགས་ནས་ཡིན་པ་ལྕགས་ཧྲུག་ཟང་ཧྲུག་དང་བེད་མེད་གད་སྙིགས་ཀྱི་ཚོང་པ་སྐུ་ཞབས་རྡོ་རྗེ་དཔལ་ལྡན་ལགས་སུ་གནང།སྐུ་མགྲོན་གཙོ་བོ་མཆོག་ནས་སྤྱི་མཐུན་མཉམ་འབྲེལ་གྱི་ལོ་རེའི་མཉམ་འབྲེལ་གྱི་བོད་ཡིག་གི་གསར་ཤོོག་འཐེངས་དང་པོ་དེ་དབུ་འབྱེད་འགྲེམས་སྤེལ་གནང། དེ་དང་ཕྱོགས་མཚུངས་རྡ་ས་མཉམ་འབྲེལ་ནས་སྥྱི་ཚོགས་ནང་ཞབས་ཞུ་ཞུས་ནས་ལོ ༥༠ འཁོར་བའི་ཆེ་བསྟོད་མཇལ་དར་ཕུལ། དེ་དེ་བཞིན་མཉམ་འབྲེལ་དྲུང་ཆེས་ལས་དོན་འགྲུབ་འབྲས་ཡག་ཤོས་ཐོན་པས་བྱ་དགའ་དེ་མན་སྤད་མཉམ་འབྲེལ་དྲུང་ཆེ་སྐལ་བཟང་རྒྱ་མཚོ་ལགས་སུ་ཕུལ་བ་དང་སྦྲགས་སྤྱི་མཐུན་མཉམ་འབྲེལ་གྱི་ཉམ་ཐག་སློབ་ཡོན་རླུང་རྟ་ཅན་གྱི་སློབ་ཕྲུག་བཅུ་ཡི་མིག་བཙུམ་རྒྱན་སྒྲུག་དང་པོ་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་དང་རིམ་གྱི་སྐུ་མགྲོན་རྣམས་ནས་འདོན་གནང་མཛད།སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་ནས་མཉམ་འབྲེལ་གྱི་ལས་དོན་གང་སྤྱིར་མཉམ་འབྲེལ་ཚོགས་མི་རྣམས་ཀྱི་མཉམ་བཞུགས་གནང་རྒྱུ་ཧ་ཅང་གལ་འགངས་ཆེ་བ། ལྷག་པར་དུ་མཉམ་འབྲེལ་གྱི་འཛིན་སྐྱོང་དང། མཉམ་འབྲེལ་གྱི་ཁེ་བཟང་བགོ་ཕྱོགས་ལ་སོགས་པའི་ལས་དོན་ཚང་མར་མངའ་གཞུང་མཉམ་འབྲེལ་གྱི་རྩ་ཁྲིམས་དང་མ་འགལ་བའི་ཐོག་མཉམ་འབྲེལ་གྱི་ཁྲིམས་དང་སྒྲིག་གཞིར་གཞུང་ནས་བསྐྱར་བཅོས་དུས་ནས་དུས་སུ་བཏང་གི་ཡོད་པ་རྣམས་ལ་ཐུགས་སྣང་ཆེ་བསྐྱེད་དང་རྗེས་ལུས་སུ་མ་འཐེབས་དགོས་རྒྱུ་གལ་ཆེ། མཉམ་འབྲེལ་ཁག་ནས་དགོས་ངེས་ཅན་གྱི་དབུལ་ཕོངས་རྣམས་ལ་རོགས་ཕན་གང་ཐུབ་གནང་བཞིན་པར་ཧ་ཅང་དགའ་པོ་བྱུང་གསུང་བ་དང། ལྷག་པར་དུ་ལུགས་བསམ་མཉམ་འབྲེལ་ནས་ཕྱི་རྒྱལ་རོགས་རམ་ལ་རྩ་བ་ནས་བརྟེན་མི་དགོས་པར་མི་མང་ཚོགས་ཁང་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་བརྒྱབས་ཐུབ་པ་ནི།ད་ལྟའི་བཀའ་ཤག་གི་རང་ཁ་རང་གསོའི་སྲིད་བྱུས་ལག་ལེན་དངོས་སུ་བསྟར་པ་ཆགས་འདུག་བཅས་ཀྱི་བསྔགས་བརྗོད་གནང། མཐའ་སྡོམས་དཔལ་ལྡན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་གི་བཀའ་སློབ་སྙིང་དོན་ནང། གཅིག་བྱས་ན་སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་དང་ལམ་སྟོན་འོག་བོད་མིའི་མཉམ་འབྲེལ་རྣམས་ནས་མ་འོངས་བོད་ལ་ཡུན་གནས་ཐུབ་པའི་དཔལ་འབྱོར་ལམ་ལུགས་བཟོ་རྒྱུའི་ས་བོན་འདེབས་ཐུབ་པའི་ནུས་སྟོབས་དང། གོ་སྐབས། མཐུན་རྐྱེན་བསྐྲུན་ཐུབ་ངེས། ད་དུང་ཁོང་གི་གསུང་གསལ། བོད་མིའི་མཉམ་འབྲེལ་ཁག་གི་རོགས་བསྐྱོར་དང་འགོ་འཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་། རིག་གཞུང། ཆོས། འཕྲོད་བསྟེན་ལ་སོགས་པའི་ཐོག་ལམ་སྟོན་ངེས་པར་ཐུབ་རྒྱུུ། ལོ་འཁོར་ཚོགས་ཆེན་འདི་ཐོག་མཉམ་བཞུགས་གནང་མཁན་མཉམ་འབྲེལ་ཁག ༡༥ ཚོགས་གཙོ་དང་དྲུང་ཆེ་རྣམ་པ། སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་དང་ལས་བྱེད་རྣམ་པ། ལུགས་བསམ་དང་བདེ་སླར། ཧོན་སུར་བཅས་ཀྱི་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་བཅས་ཡོད། ཚོགས་ཆེན་གྱི་ཉིན་དང་པོར་མཉམ་འབྲེལ་ཁག་གི་ཕྱི་ལོ༢༠༡༢༌༌༡༣ གྱི་ལས་བསྡོམས་དང་རྩིས་ཁྲ་ཁག་སྙན་སྒྲོན་ཞུ་རྒྱུ་དང་དྲི་བ་དྲི་ལན་གནང་རྒྱུ། དེ་རྗེས་སྔ་ལོའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་ལས་དོན་ལག་བསྟར་བྱ་དགོས་རིགས་ལ་ཐུགས་ཞིབ་ཞུས། དེ་རྗེས་ཚོགས་བཅར་སྐུ་ཚབ་རྣམས་ནས་མཉམ་འབྲེལ་ཁག་ཡར་རྒྱས་གཏོང་ཕྱོགས་དང་གཞིས་ཆགས་བསྲ་བརྟེན་ཡོང་ཐབས་ལ་སྨིན་པའི་གོ་བསྡུར་སྦྱང་བཤད་གནང་རྒྱུ་བཅས།
སྤྱི་མཉམ་ཕྱི་ཚོང་སྡེ་ཚན་ནས་བོད་པའི་ལག་ཤེས་རྣམས་རྒྱ་གར་གྱི་དཔེ་གསར་་རྒྱན་ཆའི་འགྲེམས་སྟོན་དུ་གཟིགས་འབུལ་ཞུས།
༢༠༡༣ ཟླ་བདུན་པའི་ཚེས་ ༡༢ ནས་ ༡༤ བར་ལག་ཤེས་ཕྱི་ཚོང་ཁྱབ་སྤེལ་ལྷན་ཚོགས་ (EPCH) ནས་ལྡི་ལི་གསར་པར་རྒྱ་གར་བའི་ཕྱི་ཚོང་བསྟི་གནས་ (Indian export centre and Mart) ཀྱི་གོ་སྒྲིག་ཞུས་པའི་ཉིན་གསུམ་རིང་གི་ཐེངས་དྲུག་པའི་རྒྱ་གར་གྱི་དཔེ་གསར་རྒྱན་ཆའི་འགྲེམས་སྟོན་དུ་ལྡི་ལི་ཕྱི་ཚོང་སྡེ་ཚན་ནས་ཉམས་ཞུགས་གནང་འདུག རྒྱ་གར་གྱི་ས་ཁུལ་འདྲ་མིན་ནས་འགྲེམས་སྟོན་པ་གྲངས་སུམ་བརྒྱ་ཙམ་གྱིས་སོ་སོའི་ཐོན་སྐྱེད་རྣམས་གཟིགས་འབུལ་ཞུས། རྒྱ་གར་གཞུང་གི་དབུས་རས་ཆའི་བློན་ཆེན་ཌོཀ་ཊར་སམ་བྷ་སི་བ་ར་ཧོ་མཆོག་ནས་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་འདུག མཛད་སྒོ་དེར་མཉམ་ཞུགས་གནང་མཁན་གྱི་གནད་ཡོད་མི་སྣ་རྣམས་ནི་རྒྱ་གར་གཞུང་གི་རས་ཆའི་བློན་ཆེན་ཡིག་ཚང་གི་དྲུང་ཆེ་ལྩམ་ཛོ་ར་ཅ་ཊར་ཇི་མཆོག་དང་རྒྱ་གར་གྱི་དཔེ་གསར་རྒྱན་ཆའི་ཚོགས་གཙོ་སྐུ་ཞབས་ལེཀ་ར་ཇ་མ་ཧེཤ་བ་རི་བཅས་ཡིན། དུས་སྟོན་ཆེན་མོ་དེ་ཉིད་གོ་སྒྲིག་ཞུ་དོན་ནི་ཉོ་མཁན་དང་བཚོང་མཁན་གྱི་འདུ་འཛོམས་གྱི་མཐུན་རྐྱེན་སྦྱོར་བའི་ཆེད་ཡིན། སྤྱི་མཉམ་ལྡི་ལི་ཕྱི་ཚོང་སྡེ་ཚན་ནས་གཟིམ་སྤོས་དང། རྒྱན་ཆ། ལྡེབ་འཕྱང། རས་གདན། ལྟོ་ཕད་ལ་སོགས་པའི་བོད་པའི་ལག་ཤེས་ཕྱོགས་བསྡུས་རྣམས་སྤྱན་འབུལ་ཞུས་འདུག ལག་ཤེས་ཕྱི་ཚོང་ཁྱབ་སྤེལ་ལྷན་ཚོགས་ནི་ལག་ཤེས་ཕྱི་ཚོང་གྱི་ཚོགས་པ་མཐོ་ཤོས་ཡིན་པ་དང་དེ་ནི་ལག་ཤེས་ཕྱི་ཚོང་དར་སྤེལ་དང། རྒྱབ་སྐྱོར། སྲུང་སྐྱོབ། གོང་འཕེལ་གཏོང་རྒྱུར་དམིགས་ཏེ་བཙུགས་པ་ཞིག་རེད།
སྲིད་སྐྱོང་མཆོག་ནས་སྦེང་ལོར་དུ་བོད་མིའི་སྡོད་ཁང་ཐེངས་དང་པོ་དེ་དབུ་འཛུགས་གནང།
༢༠༡༣ ཟླ་ ༧ ཚེས་ ༦ ཉིན་གྱི་དགོང་མོར་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་ཀར་ན་ཊ་ཀའི་མངའ་སྡེའི་ནང་ཡོད་པའི་བོད་མི་མཉམ་འབྲེལ་ལྔའི་ཚོགས་གཙོ་དང་། གཞིས་ཆགས་བཞིའི་ས་གནས་འགོ་འཛིན་དང་སྐུ་ཚབ། གསར་འགོད་པ། སྤྱི་མཉམ་སྤྱི་ཁྱབ་ཡིག་ཚང་དང་་བྷེལ་ཀོབ་ཡན་ལག་མཉམ་འབྲེལ་གྱི་ལས་བྱེད་བཅས་ཀྱི་དབུས་སུ་སྤྱི་མཉམ་གྱི་སྡོད་ཁང་འགོ་འཛུགས་གནང་བའི་དུས་སྟོན་སྐབས་བོད་མིས་འོས་འདེམས་གནང་བའི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བདེ་སྐྱིད་ཁང་གསར་ཞེས་བོད་མིའི་སྡོད་ཁང་ཐེངས་དང་པོ་དེ་དབུ་འཛུགས་གནང་པ་རེད། སྤྱི་མཉམ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་ནས་སྡོད་ཁང་གི་ལས་གཞི་འགོ་འཛུགས་གནང་སའི་ས་ཁུལ་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གསུངས་པ་དང་ཁོང་གིས་བརྗོད་དོན་དུ་ཀར་ན་ཊ་ཀའི་མངའ་སྡེའི་གཞུང་ནས་སྤྱི་མཉམ་ལ་ཐུགས་བསམ་ཡངས་པོའི་སྒོ་ནས་བོགས་མའི་དུས་བཀག་རིང་པོ་ལྡན་པའི་ས་ཆ་ཕི་ཀྲི་གྲུ་བཞི་མ་ ༢༥༠༠༠ sft རྩམ་གནང་བ་དང་སྤྱི་མཉམ་གྱི་ཡིག་ཚང་དང་ལས་ཤག་རྒྱག་མགོ་བཙུགས་ཟིན་པ་དང་ཁོང་གི་ད་དུང་སྡོད་ཁང་གསར་པ་དེ་ས་ཆ་དེ་ག་རང་དུ་རྒྱག་རྒྱུ་ཡིན་ཚུལ་བཅས་གསུངས་སོང།
དེ་ནས་སྲིད་སྐྱོང་མཆོག་ནས་བདེ་སྐྱིད་ཁང་གསར་ཞེས་པའི་སྡོད་ཁང་་གི་ལས་གཞི་དེ་དབུ་འཛུགས་ཞུས། ཁོང་གིས་གསར་གཏོད་ཀྱི་ལས་གཞི་སྤེལ་བར་སྤྱིར་བོད་མིའི་མཉམ་འབྲེལ་དང་དམིགས་བསལ་དུ་སྤྱི་མཉམ་ལ་བསྔགས་བརྗོད་གནང་། ཁོང་གིས་སྡོད་ཁང་འདི་ཡིས་སྦེང་ལོར་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་སོང། སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་གིས་སྡོད་ཁང་དབུ་འཛུགས་ཀྱི་དུས་སྟོན་འདིར་ཕེབས་པའི་སྲིད་སྐྱོང་མཆོག་དང། གསར་འགོད་པ། གནད་ཡོད་མི་སྣ་་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་སྡོད་ཁང་འདི་ས་ཕྱོགས་ཡག་པོར་ཆགས་ཚུལ་དང་ཉོ་ཐུབ་པའི་གོང་ཚད་ཡོད་སྐོར་གསུངས་སོང། ཐོག་བརྩེགས་ལྔ་ཅན་གྱི་བདེ་སྐྱིད་ཁང་གསར་སྡོད་ཁང་འདིར་ཁང་མིག་གྲངས་ ༦༥ ཡོད། སྡོད་ཁང་གི་ཁང་མིག་རོབ་རྒྱ་ཁྱོན་རྩིས་ནི་ ༣༠༠ sft (1bhk) དང། sft ༦༠༠ sft (2bhk) sft 900 sft (3bhk) བཅས་ཡིན། སྡོད་ཁང་གི་བོགས་མ་དུས་ཡུན་རིང་པོར་སྤྲད་རྒྱུ་ཡིན་ཞིང་བོགས་མའི་དངུལ་འབོར་ནི་ཧིན་སྒོར་ ༨༡༠,༠༠༠ ནས་འགོ་འཛུགས་ཀྱི་ཡོད། བདེ་སྐྱིད་ཁང་གསར་སྡོད་ཁང་འདི་ནི་སྦེང་ལོར་གྱི་ནུབ་ཕྱོགས་སུ་ཡོད་པའི་ས་ཁུལ་ཀེན་གེ་རིར་གསར་རྒྱག་ཞུ་གི་རེད། དེ་ནི་མི་སོར་ལམ་ནས་ཧ་ལམ་ཀི་ལོ་མི་ཊར་གསུམ་དང། ཏཱ་ལའི་བླ་མའི་མཐོ་སློབ་ནས་ཀི་ལོ་མི་ཊར་བཅུ་གསུམ་ཙམ། མེ་ཇེས་ཊིག་རི་ལི་འབབ་ཚུགས་ནས་ཀི་ལོ་མི་ཊར་བཅུ་གསུམ། སྦེང་ལོར་གཙུག་ལག་སློབ་གཉེར་ཁང་ནས་ཀི་ལོ་མི་ཊར་གསུམ་གྱི་རྒྱང་ཐག་ཏུ་ཡོད། སྡོད་ཁང་འདིར་བཞུགས་མཁན་རྣམས་ལ་ཞལ་འདོན་དང། གསོལ་སྟོན་ཚོགས་ཁང། དཔེ་མཛོད་ཁང། ལུས་སྦྱོང་ཁང། རྩེད་མོ་རྩེ་སའི་ཁང་པ། གྱོན་ཆས་འཁྲུད་ཁང་གི་ཞབས་ཞུ། གློག་གི་སྐས་འཛེགས། མོ་ཊ་འཇོག་ཡུལ། བྱིས་པའི་རྩེད་ར། སྐམ་གློག་འཕྲུལ་འཁོར་བཅས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་མ་ཟད་སྡོད་ཁང་གི་འཁོར་ཡུག་ནང་དུ་མགྲོན་ཁང་དང་ཟ་ཁང་ཡང་ཡོད། ཕྱི་ལོ་༢༠༡༣ ཟླ་༡༢ པའི་ཚེས་༣༡ ནས་ཁང་པའི་མཐོ་འགོད་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་ཁང་པའི་བགོ་སྐལ་དེ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་བར་གནང་འཆར་ཡོད།
བོད་མིའི་མཉམ་འབྲེལ་གྱི་ཚོགས་མི་རྣམ་པས་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཇལ་འཕྲད་གནང།
སྤྱི་མཉམ་གྱི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན། ལས་བྱེད་བཅས་ཀྱི་ལྷན་དུ་ཀར་ན་ཊ་ཀའི་ནང་དུ་ཡོད་པའི་བོད་མིའི་མཉམ་འབྲེལ་ལྔའི་ཚོགས་མི་རྣམས་ནས་གསར་དུ་འདེམས་བསྐོས་གནང་བའི་ཀར་ན་ཊ་ཀའི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཤི་རི་སི་དྷ་ར་མི་ཡ་མཆོག་མཇལ་འཕྲད་གནང་བ་དང་ཉེ་སྔོན་གྱི་འོས་བསྡུ་དེར་ཀོང་གྷེ་ར་སི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པ་དང་མངའ་སྡེའི་བློན་ཆེན་གྱི་མཚན་གནས་ཐོབ་པར་འཚམས་འདྲི་ཞུས་གནང་འདུག སྤྱི་མཉམ་གྱི་ཚོགས་མི་རྣམ་པས་མཉམ་འབྲེལ་གྱི་བློན་ཆེན་སྐུ་ཞབས་ཨེཇ་ཨེས་མ་ཧ་དེ་བ་པ་ར་སད་མཆོག་ཀྱང་མགྲོན་འབོད་ཞུས་པ་དང་མཚན་གནས་གསར་པ་འདི་བཞེས་པར་འཚམས་འདྲི་ཞུས། ཁོང་ནི་དུས་ཡུན་རིང་པོར་བོད་པའི་རྩ་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་ཁོང་ནས་མེ་སོར་དུ་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་གོ་སྒྲིག་ཞུས་པའི་དུས་སྟོན་མང་པོར་མཉམ་ཞུགས་གནང་ཡོད། བོད་མིའི་མཉམ་འབྲེལ་ནས་ཟ་འབྲུའི་བློན་ཆེན་དྷི་ནེ་ཤ་གུན་ཌ་ར་བོ་མཆོག་ནི་བྷེལ་ཀོབ་གཞིས་ཆགས་ཀྱི་ཉེ་འདབས་སུ་ཡོད་པའི་ས་གནས་ཀུརག་ནས་ཡིན་པའི་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཚེ་འདས་གུན་ཌ་ར་བོའི་སྲས་ཡིན། ཤི་རི་དྷི་ནེ་ཤ་གུན་ཌ་ར་བོ་ནི་བོད་པའི་གནད་དོན་ཐོག་རྒྱབ་སྐྱོར་རྒྱུན་རིང་པོ་ནས་གནང་མཁན་དང་སྦེང་ལོར་དུ་བོད་པའི་དུས་སྟོན་མང་པོ་གཙོ་སྐྱོང་གནང་ཡོད། བོད་མིའི་མཉམ་འབྲེལ་ནས་འགྲིམ་འགྲུལ་བློན་ཆེན་དང་རྫོང་གི་དོ་དམ་པ་སྐུ་ཞབས་ར་མ་ལིང་གྷ་རེ་ཌི་མཆོག་མཇལ་འཕྲད་གནང་སྟེ་ལས་གནས་གསར་པ་བཞེས་པར་འཚམས་འདྲི་ཞུས། ཁོང་ནས་སྦེང་ལོར་དུ་བོད་པ་མང་ཆེ་བའི་གནས་ཡུལ་ཀོ་ར་མང་གྷ་ལའི་ས་འཐུས་ཐེངས་དྲུག་གནང་བ་རེད། ཁོང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ པའི་ནང་དུ་བོད་ཀྱི་ཁྲོམ་ར་འགོ་འབྱེད་གནང་བ་རེད། ཀར་ན་ཊ་ཀ་ནི་བོད་པའི་གཞིས་ཆགས་ལྔའི་ནང་གནས་པའི་བོད་མི་ ༤༠༠༠༠ ལྷག་ཙམ་གྱི་ཁྱིམ་ཚང་ཆགས་ཡོད། གཞིས་ཆགས་འདི་ཚོའི་ནང་དུ་ཡོད་པའི་མཉམ་འབྲེལ་རྣམས་དེབ་སྐྱེལ་བྱེད་ཡོད། ཀར་ན་ཊ་ཀའི་མངའ་སྡེའི་གཞུང་ནས་བཀའ་དྲིན་ཆེན་པོའི་སྒོ་ནས་བོད་པའི་གཞིས་ཆགས་ཆེད་དུ་ས་ཆ་ཨེ་ཀ་ ༡༤༠༠༠ ཙམ་གནང་ཡོད། བོད་མིའི་མཉམ་འབྲེལ་གྱི་ཚོགས་མི་ཡོངས་ནས་བློན་ཆེན་ཀུན་གྱིས་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
བོད་མིའི་མཉམ་འབྲེལ་ནས་བུ་ལོན་ཧིན་སྒོར་ས་ཡ་ ༡༢༠ གནང།
བོད་མིའི་མཉམ་འབྲེལ་ནས་རྩིས་ལོ་ ༢༠༡༢་་༢༠༡༣ བར་སོ་ནམ་འདེབས་ལས་དང་སུད་ཚོང་ཐོག་མཐུན་འགྱུར་དང་སེམས་ཤུགས་སྤེལ་བའི་ཆེད་དུ་ཚོགས་མི་རྣམ་པར་ཁྱོན་བསྡོམས་བུ་ལོན་ཧིན་སྒོར་ས་ཡ་ ༡༢༠ ཙམ་གནང། བོད་མིའི་མཉམ་འབྲེལ་ནས་སྟོན་ཐོག་འདེབས་ལས་སྐབས་སུ་སོན་དང། ཚྭ་ལུད། ལུད་རྣམས་བུ་ལོན་གྱི་ཚུལ་དུ་ཞིང་པ་རྣམས་ལ་མཁོ་སྤྲོད་བྱེད་པ་དང་། ཞིང་པས་ཐོན་སྐྱེད་རྣམས་ལག་སོན་བྱུང་བའི་སྐབས་མཉམ་འབྲེལ་ལ་བུ་ལོན་སློག་གི་ཡོད། བོད་མིའི་མཉམ་འབྲེལ་མང་ཆེ་བས་ཚོགས་མི་རྣམ་པར་སུད་ཚོང་གི་སྒོ་ནས་དངུལ་ཡོང་ཁུངས་གཉིས་པ་ཞིག་བྱུང་བར་སུད་ཚོང་གི་བུ་ལོན་སྔ་སྟོན་གནང་གི་ཡོད། ཚོགས་མི་རྣམ་པས་དཀའ་ངལ་ཤུགས་ཆེན་བསྐྱོན་ཏེ་དངུལ་བསགས་པ་རྣམས་སྲུང་སྐྱོབ་ཡོང་བར་དམིགས་ཏེ་བོད་མིའི་མཉམ་འབྲེལ་ནས་ཚོགས་མི་རྣམས་ཀྱི་དངུལ་བཅོལ་བ་རྣམས་བཞེས་ཀྱི་ཡོད། ད་ལྟའི་ཆར་བོད་མིའི་མཉམ་འབྲེལ་ཁག་ལ་ཧིན་སྒོར་ས་ཡ་ ༧༠༠ ལྷག་ཙམ་གྱི་མི་མང་བཅོལ་དངུལ་ཡོད། མ་དངུལ་མང་ཆེ་བ་འདི་ཚོ་དངུལ་བསྒྱུར་ཁ་དབང་ཁོངས་སུ་མ་འཛུགས་འཇོག་ཡོད། བོད་མིའི་མཉམ་འབྲེལ་གྱི་ལོ་རྒྱུས་ནང་ཁེ་གྱོང་གི་བརྒྱུད་རིམ་འགའ་བྱུང་ཡོད་ཀྱང་མཉམ་འབྲེལ་ནས་ཤས་བདག་ཚོགས་མི་ནས་བཅོལ་དངུལ་ལེན་དུ་སླེབས་སྐབས་དངུལ་ཕྱིར་སློག་མ་ཐུབ་པ་དང་སློག་རྒྱུར་དུས་བཀག་བྱེད་པ་བཅས་ནམ་ཡང་བྱུང་མེད། ལོ་ཤས་སྔོན་ཚོང་པ་སྒེར་པ་འགར་མཁར་དབང་གུད་རྡིབ་བྱུང་བའི་རྐྱེན་གྱིས་བོད་མི་མང་པོ་ཞིག་ལ་སོ་སོའི་དངུལ་བཅོལ་ཇི་ཡོད་ཚུར་མ་རག་པའི་དཀའ་ངལ་ཆེན་པོ་ཕྲད་ཡོད།
བོད་མིའི་མཉམ་འབྲེལ་ནས་སྔོན་རྩིས་ཧིན་སྒོར་ས་ཡ་ ༡༠༤༤ བཀའ་འཁྲོལ་གནང།
རྩིས་ལོ་ ༢༠༡༣་་༢༠༡༤ ལོའི་ནང་་མཉམ་འབྲེལ་བཅོ་ལྔའི་འགན་འཛིན་ལྷན་ཚོགས་དང་སྤྱི་མཉམ་ནས་སྔོན་རྩིས་ཁྱོན་བསྡོམས་གྲངས་འབོར་ཧིན་སྒོར་ས་ཡ་ ༡༠༤༤ བཀའ་འཁྲོལ་གནང་ཡོད། ལོ་ལྟར་ཕྱི་ཟླ་གསུམ་པའི་ཟླ་མཇུག་ནང་བོད་མིའི་མཉམ་འབྲེལ་བཅོ་ལྔ་དང་སྤྱི་མཉམ་བཅས་ཀྱི་འགན་འཛིན་ལྷན་ཚོགས་ནས་ལོ་འཁོར་སྔོན་རྩིས་དང་ཡོངས་དམིགས་འཆར་རྩིས་གཏན་འབེབས་བཀའ་འཁྲོལ་གནང་གི་ཡོད། མཉམ་འབྲེལ་སྤྱི་ཡོངས་ནས་ལུགས་བསམ་མཉམ་འབྲེལ་ལ་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༦༨.༨ བྱུང་བ་མང་ཤོས་ཡིན་པ་དང་སོ་ན་དྷའི་མཉམ་འབྲེལ་ལ་སྔོན་རྩི་ཧིན་སྒོར་ས་ཡ་ ༢.༩ བྱུང་བ་ཉུང་ཤོས་ཡིན་འདུག།
ཧུན་སུར་རབ་རྒྱས་གླིང་སློབ་གྲྭར་རླངས་འཁོར་གསར་པ་ཞིག་ཐོབ།
ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་གྱི་སྔ་དྲོར་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་སྤྱི་མཉམ་དང་སྐྱབས་བཅོལ་བོད་མིའི་ཡིད་ཆེས་དགེ་རྩའི་བརྒྱུད་འོད་ཟེར་ཚོགས་པའི་མ་དངུལ་ཐོག་བའི་རྐུབ་སྟེགས་ ༣༦ ཅན་གྱི་སྤྱི་སྤྱོད་རླངས་འཁོར་གསར་ཉོ་དེ་བཞིན་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་འདུག སྐུ་མགྲོན་གཙོ་བོ་སྤྱི་མཉམ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་དང་སྐྱབས་བཅོལ་བོད་མིའི་ཡིད་ཆེས་དགེ་རྩའི་དྲུང་ཡིག ཚོགས་སྡེ་ཁག་གི་འགན་འཛིན་ལྷན་རྒྱས་ཚང་འཛོམས་ཐོག་སྤྱི་སྤྱོད་རླངས་འཁོར་དེ་དག་དབུ་འབྱེད་གནང། མོ་ཊའི་གནས་བབ་སྐྱོ་བ་དང། འཕྲོ་བརླག་ཡང་ཡང་འགྲོ་བ། ཞིག་གསོའི་འགྲོ་གྲོན་ཆེ་བའི་རྐྱེན་གྱིས་རབ་རྒྱས་གླིང་མཉམ་འབྲེལ་དང་རབ་རྒྱས་གླིང་ཕ་མའི་ཚོགས་པ་མཐུན་མོང་ནས་སྤྱི་མཉམ་དང་སྐྱབས་བཅོལ་བོད་མིའི་ཡིད་ཆེས་དགེ་རྩ། འོད་ཟེར་ཚོགས་པ་བཅས་སུ་སྤྱི་སྤྱོད་རླུངས་འཁོར་གསར་པ་དགོས་པའི་གྲོས་འཆར་བཏོན་པ་རེད། སྤྱི་སྤྱོད་རླངས་འཁོར་དེ་འཕྲོ་བརླག་འགྲོ་བའི་སྐབས་སུ་སློབ་ཕྲུག་དང་ཕ་མ་རྣམ་པས་སློབ་གྲྭར་བསྐྱོད་པའི་འགྲིམ་འགྲུལ་སོ་སོའི་གོ་སྒྲིག་བྱེད་དགོས་པ་དང་ལྷག་པར་འགྲུལ་འཁོར་མེད་པའི་ཕ་མ་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། ཆར་དུས་དང་གནམ་གཤིས་ཚ་དྲོད་ཆེན་པོའི་སྐབས་མོ་ཊ་འཕྲོ་བརླག་ཕྱིན་ཚེ་སློབ་ཕྲུག་རྣམས་ལ་དཀའ་ངལ་ཆེས་མང་བ་འཕྲད་ཀྱི་ཡོད། ཕ་མ་དང་སློབ་ཕྲུག་རྣམ་པས་སེམས་འཚབ་ཀྱི་གནད་དོན་གཞན་ནི་ཞོགས་པ་ལམ་དུ་གླང་ཆེན་འགྲོ་གི་ཡོད་པའི་སྐབས་ཡིན། སྤྱི་སྤྱོད་རླངས་འཁོར་གསར་པའི་མཐུན་འགྱུར་དེས་སློབ་ཕྲུག་ ༢༤༠ དང། ཕྲུ་གུའི་ཕ་མ། སློབ་གྲྭའི་འཛིན་སྐྱོང་བཅས་ལ་ཉེན་ཁ་ལས་བྲལ་བ་དང་སྟབས་བདེ་པོ་བཟོས་ཡོད། སློབ་གྲྭའི་རླངས་འཁོར་གསར་པ་དེས་ཕྲུ་གུ་རྣམས་དུས་ཐོག་ཏུ་ལེན་པ་དང་སྐྱེལ་གྱི་ཡོད་ཅིང། སློབ་གྲྭ་ནས་ཀི་ལོ་མི་ཊར་ ༢.༥ ཡོད་པའི་ཨེམ་ཨོ་གྲོང་སྡེའི་སར་ཕྲུ་གུ་ལེན་པ་དང་སྐྱེལ་འདྲེན་བྱེད་ཀྱི་ཡོད། ཧུན་སུར་གྱི་ཉེ་འགྲམ་དང་མེ་སོར་རྫོངས་སུ་ཡོད་པའི་རབ་རྒྱས་གླིང་གཞིས་ཆགས་ནི་ཕྱི་ལོ་ ༡༩༧༡ ལོར་གསར་འཛུགས་གནང་ཞིང། གཞིས་ཆགས་ཀྱི་ད་ལྟའི་མི་འབོར་སུམ་སྟོང་སུམ་བརྒྱ་ཡིན། ཧུན་སུར་མཉམ་འབྲེལ་འདི་ཀར་ན་ཊ་ཀ་མངའ་སྡེའི་མཉམ་འབྲེལ་གྱི་ཁྲིམས་སྒྲིགས་འོག་ཏུ་དེབ་སྐྱེལ་གནང་སྟེ་ཕྱི་ལོ་ ༡༩༧༢ ཟླ་ ༣ པའི་ཚེས་ ༡༨ ཉིན་འགོ་འཛུགས་གནང་།
སྤྱི་མཉམ་ནས་ཟུང་འབྲེལ་ཚོང་ལས་ ( Joint venture) འགོ་འཛུགས་ཞུས།
བོད་མིའི་དཔལ་འབྱོར་གྱི་གནས་སྟངས་དང་ཚོང་ལས་ཐོག་གོང་སྤེལ་ཡོང་བའི་སླད་སྤྱི་མཉམ་གྱིས་བོད་པའི་ཚོགས་སྡེ་དང་སྒེར་བདག་ལྷན་དུ་མཉམ་ལས་ཐོག་ཟུང་འབྲེལ་གྱི་བཟོ་གྲྭ་འགོ་འཛུགས་བྱ་རྒྱུའི་ཐུགས་ཐག་ཆོད་ཡོད། ད་ལྟ་འགྲོ་བཞིན་པའི་སྤྱི་མཉམ་གྱི་ཚོང་ལས་གསར་པ་འགའ་ནི་འཐུང་ཆུའི་ལས་གཞི་དང། མཉམ་འབྲེལ་བུན་གཏོང་ལས་གཞི། རྒྱལ་ས་གཞན་དུ་བོད་ཀྱི་ཁྲོམ་ར་དང་བོད་ཀྱི་མགྲོན་ཁང་གསར་རྒྱག་བཅས་ཡིན། སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ཀྱིས་ཟུང་འབྲེལ་གྱི་ཚོང་ལས་འདི་དག་གལ་འགངས་ཆེན་པོ་ཡིན་ཚུལ་དེར་གསལ་སྟོན་གནང་སྟེ་བརྗོད་དོན་དུ་” ང་ཚོས་དུས་སྐབས་འདིར་བོད་མིའི་སྤྱི་ཚོགས་ནང་གི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་མཐོང་གི་ཡོད། དཔལ་འབྱོར་ཡར་རྒྱས་ཕྱིན་པ་དེས་ང་ཚོའི་རང་དབང་འཐབ་རྩོད་ལའང་ཕན་གྱི་རེད།”
མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་གྱི་སློབ་ཕྲུག་རྣམས་སྤྱི་མཉམ་གྱི་ལས་གནས་འདྲ་མིན་གྱི་ངོ་ཚབ་ཏུ་བསྐོས།
ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༩ ཉིན་RICMསྦེང་ལོར་དུ་མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་མཇུག་བསྒྲིལ་མཛད་སྒོར་སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལྷན་ཚོགས་བཅས་མཉམ་ཞུགས་གནང། མཛད་སྒོ་དེར་མངའ་སྡེའི་གཞུང་གི་མཉམ་འབྲེལ་རྩིས་ཞིབ་ལྷན་ཁང་གི་ངེས་སྟོན་པ་སྐུ་ཞབས་ཀ་རི་པ་ས་པ་(Mr karippasapa)མཆོག་དང། མངའ་སྡེའི་གཞུང་གི་མཉམ་འབྲེལ་དེབ་སྐྱེལ་ལས་ཁུངས་ཀྱི་དྲུང་འཕར་སྐུ་ཞབས་ཡ་དུ་ན་ཐ། (Mr. Yadunath) ས་གནས་མཉམ་འབྲེལ་འཛིན་སྐྱོང་བསྟི་གནས་ཀྱི་ས་གནས་ངེས་སྟོན་པ་འབུམ་རམས་པ་སི་དཧྣ་ཏི། དབུས་བོད་མིིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་སྐར་མ་སེང་གེ་མཆོག སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་མཆོག་ནས་མཉམ་ཞུགས་གནང་འདུག མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་གནང་མཁན་གྱི་སློབ་ཕྲུག་དགུ་ལས་སློབ་ཕྲུག་གསུམ་ཡན་ལག་མཉམ་འབྲེལ་གྱི་མཉམ་དྲུང་དུ་བསྐོ་གཞག་གནང་། བསྟན་འཛིན་ལྷ་མོ་ལགས་ནི་བྷན་དྷ་ར་མཉམ་འབྲེལ་དང། རྡོ་རྗེ་ཚེ་རིང་ལགས་ནི་ཏི་ཛུ་མཉམ་འབྲེལ། བསྟན་འཛིན་སྒྲོལ་མ་ལགས་ནི་ར་ཝང་ལའི་མཉམ་འབྲེལ་བཅས་སུ་མཉམ་དྲུང་བསྐོ་གཞག་བསྩལ། སྤྱི་མཉམ་གྱི་ནང་མའི་རྩིས་ཞིབ་པར་ཚེ་དབང་རྣམ་རྒྱལ་ལགས་བསྐོས་པ་དང་བསྟན་འཛིན་ནོར་འཕེལ་ལགས་དང། བསྟན་འཛིན་འགྱུར་མེད་ལགས། སྐར་མ་ཚེ་རིང་དོན་གྲུབ་ལགས་ནི་སྤྱི་མཉམ་གྱི་སྡེ་ཚན་ཁག་ཏུ་ཉམས་གསོག་གམ་འཕྲལ་སེལ་ཐོག་བསྐོ་བཞག་གནང་། མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་ནི་རྒྱ་གར་ས་གནས་མཉམ་འབྲེལ་འཛིན་སྐྱོང་སློབ་གཉེར་ཁང་ (Regional Institute of Co-operative Management) དུ་མཉམ་འབྲེལ་སྟངས་འཛིན་གནང་ཕྱོགས་དང་འཛིན་སྐྱོང་ཐོག་ཟླ་བ་དགུའི་རིང་གཟབ་ནན་ཟབ་སྦྱོང་གནང་བ་ཞིག་ཡིན། བོད་ཕྲུག་ཚོའི་སྦྱོང་བརྡར་གྱི་འབྲེལ་མཐུད་དེ་སྤྱི་མཉམ་ནས་གནང་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་སྤྱི་མཉམ་མཐུན་མོང་ཐོག་མཐུན་འགྱུར་གནང་གི་ཡོད། སྦྱོང་བརྡར་གནང་བའི་སྐབས་སུ་སློབ་ཕྲུག་རྣམས་དངོས་ཡོད་གནས་སྟངས་ཐོག་ནམ་མྱོང་གསོག་སླད་བོད་མིའི་མཉམ་འབྲེལ་ཁག་ཏུ་ཕྱོགས་བསྐྱོད་གནང་ཡོད།
བོད་ཀྱི་ཁྲོམ་རས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཧི་མ་ལ་ཡའི་ཞི་བདེའི་མཚན་ཚོགས་གོ་སྒྲིག་ཞུས།
སྤྱི་མཉམ་ནས་གསར་འཛུགས་གནང་བའི་བོད་ཀྱི་ཁྲོམ་རས་བོད་མིའི་གདུང་སེམས་མཉམ་བསྐྱེད་མཚོན་པའི་ཧི་མ་ལ་ཡའི་ཞི་བདེའི་མཚན་ཚོགས་ཤིག་གོ་སྒྲིག་ཞུས་ཏེ་ལོ་གཅིག་འཁོར་བའི་དུས་སྟོན་སྲུང་བརྩི་ཞུས། ཐོག་མར་རང་ལུས་མེར་བསྲེགས་བཏང་ནས་རང་སྲོག་བློས་གཏོང་མཁན་གྱི་བོད་མི་ཚོར་མྱ་ངན་ངག་བཅད་སྐར་མ་གཅིག་གནང་སྟེ་དུས་སྟོན་དེ་དབུ་འཛུགས་ཞུས་པའི་མཚམས་སུ་བོད་གཞུང་ཟློས་གར་ནས་སྲོལ་རྒྱུན་གྱི་བཀྲིས་པའི་ཞབས་བྲོ་བཀྲིས་ཞོལ་པ་འཁྲབ་པ་དང་དེའི་རྗེས་སུ་སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་ངོ་སྤྲོད་གསུང་བཤད་གནང། སྲོལ་རྒྱུན་གྱི་གྱོན་པ་ཁྱབ་བསྒྲགས་ཀྱི་སྐབས་སུ་དབུས་གཙང་དང། ཁམས། ཨ་མདོ། བལ་ཡུལ། འབྲུག རྒྱ་གར་བྱང་ཤར་གྱི་ས་ཁུལ་བཅས་ཀྱི་སྲོལ་རྒྱུན་གྱི་གྱོན་པ་སྣ་ཚོགས་གཟིགས་འབུལ་ཞུས། འོདཟེར་དང། བསྟན་འཛིན་ཤེལ་ལོ། བསྟན་འཛིན་གཡུ་ལོས་བོད་པའི་རྐྱང་གཞས་སྙན་འབུལ་ཞུས་པའི་རྗེས་སུ་སྦེང་ལོར་དུ་གནས་སྡོད་བྱེད་པའི་བོད་པའི་ཕོ་གསར་གསུམ་གྱི་དཔེ་གསར་ཚོང་ཁང་ནས་བཟོས་པའི་རྒྱ་གར་གྱི་གྱོན་པ་དང། དེང་དུས་བོད་པའི་ཕྱུ་པ། སྐྱེས་པའི་སྤྱིར་བཏང་གི་གྱོན་པ། ནུབ་ཕྱོགས་པའི་ཁ་གྱོན་བཅས་འགྲེམ་སྟོན་པ་ཚོས་གཟིགས་འབུལ་ཞུས། དེ་ནས་སྒྱུ་རྩལ་ལྡན་པའི་གཞས་པ་ལྔས་རྒྱ་གར་བྱང་ཤར་གྱི་སྲོལ་རྒྱུན་དམངས་ཁྲོད་རོལ་དབྱངས་མི་འདྲ་བ་ལྔ་འབུལ་ལམ་ཞུས་པའི་རྗེས་སུ་བོད་ཀྱི་ཁྲོམ་རའི་དཔེ་གསར་ཁྱབ་བསྒྲགས་ཀྱི་རིམ་པ་ (fashion round) དེ་ཚོགས་གནང་འདུག ཕྱི་ལོ་༢༠༡༣ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ལྷ་མོ་ལགས་དང་ལྷན་དུ་བོད་ཀྱི་མཛངས་མ་སྔ་མ་བཞི་ཡིས་གྱོན་པ་ཁྱབ་བསྒྲགས་ཀྱི་གོམ་འགྲོས་ཚང་མར་མཉམ་ཞུགས་གནང་བས་དུས་སྟོན་དེར་དོ་སྣང་ངེས་ཅན་ཞིག་ཁུག་ཐུབ་པ་བྱུང། ཧི་མ་ལ་ཡའི་མཚན་ཚོགས་ཀྱིས་སྒྱུ་རྩལ་གཟིགས་འབུལ་སྐབས་སུ་ཁྱད་དུ་འཕགས་པའི་སྒྱུ་རྩལ་མཁན་བརྒྱད་ཡོད་པའི་ནང་ནས་མཐའ་མར་བློ་རྒྱལ་ལགས་ནས་སྐར་མ་ལྔ་འི་ནང་དུ་༧གོང་ས་མཆོག་གི་སྐྱ་རིས་བྲིས་པ་དང་ནིམ་ནེ་ཧོ་དིམ་རྒྱལ་ (Nemneihoi Demngel) གྱིས་ཨིན་ཇའི་གླུ་གཞས་བཏང་སྟེ་རྒྱལ་ཁ་ཐོབ་པར་གསལ་བསྒྲགས་གནང། ཕྱིས་སུ་བྷེལ་ཀོབ་ཏུ་འགྲུལ་སྐོར་དང། ཊི་ཤེཊ། བོད་གཞུང་ཟློས་གར་གྱི་གཟིགས་མོའི་ལག་འཛིན་བཅས་ཀྱི་རྒྱན་ཤོག་འཐེན་ཏེ་རྒྱན་ཤོག་ཐོབ་མཁན་མི་བཅུའི་མིང་སྒྲོག་སྦྱང་ཞུས་སོང། བོད་གཞུང་ཟློས་གར་གྱི་སེང་གེའི་འཁྲབ་སྟོན་དང་རོལ་དབྱངས་པ་སྐར་མས་རོལ་དབྱངས་གཟིགས་འབུལ་ཞུས་ནས་མཛད་རིམ་མཇུག་བསྒྲིལ། བོད་ཀྱི་ཁྲོམ་རར་གོ་སྒྲིག་ཞུས་པའི་ཧི་མ་ལ་ཡའི་ཞི་བདེའི་མཚན་ཚོགས་དེར་གཞོན་ཁྱེར་ཉིས་སྟོང་ཙམ་མཉམ་ཞུགས་གནང་འདུག མཛད་རིམ་དེའི་སྐབས་སུ་བརྙན་འཕྲིན་ཐུང་ངུ་དང་འཕྲེད་དར་ཆེན་པོའི་སྒོ་ནས་བོད་ནང་གི་རང་ལུས་མེར་བསྲེགས་དེ་གསལ་སྟོན་མཛད།
མིའོ་མཉམ་འབྲེལ་ནས་རྒྱུན་ལྡན་ཚོང་ལས་དང་མི་འདྲ་བ་མགྲོན་ཁང་གི་ཚོང་ལས་གསར་གཏོད་གནང།
བོད་མིའི་མཉམ་འབྲེལ་གྱི་ལས་འགུལ་ནང་ཤིན་ཏུ་དཀོན་པའི་ཡར་རྒྱས་གོང་འཕེལ་གསར་པའི་ཚུལ་དུ་མིའོ་མཉམ་འབྲེལ་ནས་ཚོང་ལས་བྱེད་སྒོའི་རྒྱུན་ལྡན་ལམ་སྲོལ་དང་མི་འདྲ་བ་ཏིན་སུ་ཀིར (Tinsukia) གྲོང་འཁྱེར་དུ་གསོལ་མགྲོན་ཁང་དབུ་འཛུགས་གནང་བ་རེད། ཆོས་འཕེལ་གླིང་གསོལ་མགྲོན་ཁང་གི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨེ་ཨས་པི་སྐུ་ཞབས་མ་ཧ་ཏ་མཆོག་ཕེབས། མཛད་སྒོ་དེར་སྐུ་མགྲོན་དུ་དམིགས་བསལ་མཐའ་མཚམས་དམག་སྒར་གྱི་སྡེ་ཚན་དང་པོའི་དམག་དཔོན་མཆོག་དང། (Commanding officer of 1 Vikas SFF) སྤྱི་འཐུས་བཙུན་པ་དབང་ཆེན་ལགས། སྤྱི་མཉམ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་མཉམ་ཞུགས་གནང། གཞན་ཡང་མིའོ་དང་ཏི་ཛུའི་ས་གནས་འགོ་འཛིན། ཏི་ཛུའི་མཉམ་དྲུང། བརྒྱ་དཔོན། ཏི་ཛུ་དང་མི་འོའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཀྱི་གནད་ཡོད་མི་སྣ་འགས་མཉམ་ཞུགས་གནང། མཛད་སྒོར་མིའོ་གཏན་འཇགས་སློབ་གྲྭ་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། ཆོས་འཕེལ་གླིང་གསོལ་མགྲོན་ཁང་དུ་མཛེས་སྡུག་ལྡན་པའི་ཁང་མིག་༡༣དང་པོ་ཏ་ལའི་ཟ་ཁང་ཞེས་གྲང་གློག་ལྡན་པའི་ཟ་ཁང་ཞིག་ཡོད། ཁང་གླ་ནི་ཧིན་སྒོར་ ༤༥༠ ནས་ ༡༠༣༠ བར་ཡིན་ཞིང། མགྲོན་ཁང་དུ་ཉམས་མྱོང་ལྡན་པའི་ལས་བྱེད་༡༥ཡོད། གསོལ་མགྲོན་ཁང་གསར་པ་འདི་ནི་རྒྱལ་སའི་དབུས་དང། མེ་འཁོར་འབབ་ཚུགས་ནས་ཀི་ལོ་མི་ཊར་གསུམ་དང་། གནམ་ཐང་ནས་ཀི་ལོ་མི་ཊར་༤༠ རྒྱང་ཐག་ཏུ་ཆགས་ཡོད། གསོལ་མགྲོན་ཁང་གི་ཉེ་འདབས་སུ་བོད་པའི་ཁྲོམ་ར་ཞིག་མྱུར་དུ་གསར་འཛུགས་གནང་འཆར་ཡོད། ཨ་སམ་ནང་དུ་ཏིན་སུ་ཀི་ཡ་ནི་ས་ཁུལ་དེའི་ཚོང་ལས་ཀྱི་བསྟི་གནས་ཤིག་ཡིན་ཞིང། དེ་ནི་གུ་ཧ་ཊིའི་བྱང་ཤར་དུ་ཀི་ལོ་མི་ཊར་ ༤༨༠ དང་མིའོ་གཞིས་ཆགས་ནས་ཀི་ལོ་མི་ཊར་ ༡༡༠ ལ་ཆགས་ཡོད། ཏི་ཛུ་དང་མི་འོ་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས་ཅ་ལག་སྡེབ་ཉོ་དང། སྨན་བཅོས། མེ་འཁོར་དང་མཁའ་ལམ་གྱི་འགྲིམ་འགྲུལ་ཆེད་དུ་རྒྱལ་སར་སླེབས་ཀྱི་ཡོད།
སྤྱི་མཉམ་སྤྱི་ཁྱབ་ཡིག་ཚང་ནས་སྒྲོམ་གཞི་བཀོད་སྒྲིག་དང་རྩིས་ཁྲའི་སྦྱོང་བརྡར་མཇུག་བསྒྲིལ་གནང།
ཕྱི་ལོ་ ༢༠༡༣ ཟླ་ ༢ པའི་ཚེས་ ༡༨ ཉིན་སྤྱི་མཉམ་གྱི་སྤྱི་ཁྱབ་རྩིས་པའི་འགན་འཛིན་བསྟན་འཛིན་གྲགས་པ་ལགས་ཀྱིས་ས་གནས་མཉམ་འབྲེལ་འཛིན་སྐྱོང་བསྟི་གནས་ (RICM) སུ་འགྲོ་བཞིན་པའི་མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་གྱི་བོད་ཕྲུག་རྣམས་ལ་སྤྱི་མཉམ་རྩིས་ཀྱི་ལམ་སྟོན་ཡིག་ཆ་དགོངས་དོན་སྔོན་རྩིས་བཟོ་འགོད་དང་སྟངས་འཛིན་ཞུ་ཕྱོགས་ཀྱི་སྐོར་སློབ་ཁྲིད་གནང་སྟེ་མཉམ་འབྲེལ་སྦྱོང་བརྡར་དེ་མཇུག་བསྒྲིལ། ཁོང་ནས་སྔོན་རྩིས་འཛིན་སྐྱོང་ཙམ་མ་ཡིན་པར་བོད་མིའི་མཉམ་འབྲེལ་གྱི་རྩིས་ཁྲ་དང་དཔལ་འབྱོར་འཛིན་སྐྱོང་གནང་ཚུལ་ལ་དམིགས་ཏེ་དངུལ་རྒྱུགས་འཛིན་སྐྱོང་དང་ཁྲལ་ཐོག་གསུང་བཤད་གནང། བདུན་ཕྲག་གཉིས་ཀྱི་གོང་དུ་སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་བསྟན་འཛིན་ཡིད་དགའ་ལགས་ནས་སློབ་ཕྲུག་རྣམས་ལ་མཉམ་འབྲེལ་དང་སྤྱི་མཉམ་གཉིས་ཀྱི་རྒྱུན་མཁོའི་སྒྲིགས་གཞི་སྐོར་གསུང་བཤད་གནང། ཁོང་གིས་བོད་མིའི་མཉམ་འབྲེལ་གྱི་འགྲོ་ལུགས་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱུན་མཁོའི་སྒྲིགས་གཞི་ནང་གི་དོན་ཚན་གླ་ཆེ་ཁག་གསལ་སྟོན་ཐོག་སློབ་ཁྲིད་གནང་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡༠ པའི་ཚེས་ ༣༠ ཉིན་ཟབ་སྦྱོང་གི་བརྒྱུད་རིམ་དེ་སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་སྤྱི་མཉམ་དང་མཉམ་འབྲེལ་བཅོ་ལྔའི་སྤྱི་ཡོང་ཀྱི་གནས་སྟངས་སྒོ་ནས་གསུང་བཤད་གནང་སྟེ་འགོ་འཛུགས་ཞུས། ཐོག་མར་ཁོང་གིས་མཉམ་འབྲེལ་གྱི་བྱུང་རིམ་དང་བོད་མིའི་མཉམ་འབྲེལ་གྱི་རྒྱབ་ལྗོངས་ཐོག་འགྲེལ་བརྗོད་གནང་བའི་ཐོག་འགོ་འཛུགས་ཞུས་པ་དང་བོད་མིའི་མཉམ་འབྲེལ་གྱི་ལས་འགུལ་དང། བསྒྲུབ་བྱ། གདོང་ལེན་གནང་ཕྱོགས་བཅས་ཀྱི་སྐོར་གསུངས། ཁོང་གིས་སློབ་ཕྲུག་རྣམས་ལ་བོད་མིའི་མཉམ་འབྲེལ་དང་འབྲེལ་ཡོད་གཞིས་ཆགས་སུ་ལས་སླ་པོའི་ངང་ཕྱག་ལས་གནང་ཐུབ་པའི་ནུས་པ་ལྡན་མཁན་དང་གྲ་སྒྲིག་ཡོང་ཆེད་གཙོ་བར་དམིགས་ཏེ་བོད་པའི་སྤྱི་ཚོགས་ཀྱི་མཐོང་སྣང་གི་སྒོ་ནས་མཉམ་འབྲེལ་དང་དེའི་ལྶ་དོན་སྒྲུབ་ཕྱོགས་སྐོར་གསུང་བཤད་གནང། ཟླ་བ་དགུའི་རིང་གི་མཉམ་འབྲེལ་འཛིན་སྐྱོང་ཟབ་སྦྱོང་དེ་རྒྱ་གར་ས་གནས་མཉམ་འབྲེལ་འཛིན་སྐྱོང་སློབ་ཉེར་ཁང་དུ་ (RICM) བོད་ཕྲུག་དགུར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་སྤྱི་མཉམ་གཉིས་མཐུན་མོང་ཐོག་གནང་གི་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ནང་སྦྱོང་བརྡར་གྲུབ་པའི་མཚམས་སུ་སློབ་ཕྲུག་རྣམས་མཉམ་དྲུང་ངམ་རྩིས་པར་བསྐོ་གཞག་གནང་གི་རེད།
བོད་པའི་སྤྱི་ཚོགས་ནང་གི་ཚོགས་ཁང་ཆེ་ཤོས་དེ་བྷེལ་ཀོབ་ཏུ་དབུ་འབྱེད་གནང།
ཀར་ན་ཊ་ཀའི་མཉམ་འབྲེལ་བློན་ཆེན་སྐུ་ཞབས་བི་ཇེ་པུ་ཏ་པ་ས་བ་མི་ (Shri B.J. Puttapaswamy) ཡིས་ལུགས་བསམ་མཉམ་འབྲེལ་གྱིས་བརྒྱབས་པའི་མི་མང་གི་ཚོགས་ཁང་དེ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོར་དབུ་འབྱེད་གནང་བ་རེད། ཚོགས་ཁང་འདི་ནི་ཕྱི་རྒྱལ་གྱི་ཞལ་འདེབས་དང་རོགས་དངུལ་ལ་མ་ལྟོས་པར་ད་བར་བཙན་བྱོལ་ནང་གི་ཚོགས་ཁང་ཆེ་ཤོས་ཤིག་ཡིན། མཛད་སྒོའི་ཐོག་རྒྱ་གར་གནས་ཡོད་མི་སྣ་ཉི་ཤུ་ཙམ་དང་མཉམ་འབྲེལ་ཚོགས་མི་གྲངས་བདུན་བརྒྱ་བརྒལ་བ་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་བཀའ་ཟུར་ཚེ་རིང་ཕུན་ཚོགས་གཙོས་ལྷོ་སྤྱི་དང། སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་ ཧུན་སུར་དང་། ཀོ་ལེ་གྷལ། མོན་གོ། བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་དང་ས་གནས་གྲོས་ཚོགས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་བཅས་ངོ་བཅར་ཞུས། དེ་བཞིན་རྒྱ་གར་གྱི་ས་འཐུས་ཟུར་པ་དང། རྒྱ་གར་མཉམ་འབྲེལ་དེབ་སྐྱེལ་ལས་ཁུངས་ཀྱི་ཟུང་དྲུང་ (Joint Registrar, Mysore,) འཕགས་བོད་མཛའ་འབྲེལ་ཚོགས་པའི་ ཚོགས་གཙོ་དང་འབྲེལ་མཐུད་པ་བཅས་མཉམ་ཞུགས་གནང་འདུག དགོན་སྡེ་ཁག་དང། སློབ་གྲྭ། སྨན་ཁང། བརྒྱ་དཔོན།སྤྱི་མཉམ་ལས་བྱེད་སོགས་མི་སྣ་མང་པོ་མཉམ་འཛོམས་གནང་ཡོད། སྐབས་དེར་ལུགས་བསམ་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་མི་མང་གི་ཚོགས་ཁང་འདི་ས་གནས་མི་མང་གི་གཞུང་འབྲེལ་མཛད་སྒོ་ཁག་དང། ཚོགས་འདུ། ཟབ་སྦྱོང། འཁྲུངས་སའི་རྟེན་འབྲེལ། རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སོགས་ཀྱི་ཚོགས་ཡུལ་དུ་མཐུན་སྦྱོར་གནང་བའི་ཆེད་བསྐྲུན་པ་ཞིག་ཡིན། སྐུ་ཞབས་བི་ཇེ་པུ་ཏ་པ་ས་བ་མི་ཡིས་(Shri B.J. Puttapaswamy)ཚོགས་ཁང་འདི་དབུ་འབྱེད་གནང་བར་དགའ་ཚོར་བྱུང་བ་དང། བོད་མིའི་མཉམ་འབྲེལ་གྱི་ཡར་ཐོན་གྱི་འབྲས་བུ་འདིར་བསྔགས་བརྗོད་གནང་ཞིང། མཉམ་འབྲེལ་དེ་ཡིས་ཀར་ན་ཊ་ཀའི་མངའ་སྡེའི་ནང་གི་ཚོགས་པ་གཞན་ཚོར་མིག་དཔེ་ཞིག་བསྟན་ཡོད་ཚུལ་དང། མངའ་སྡེའི་གཞུང་ནས་ཁེ་ཕན་ཆེ་བའི་ལམ་ལུགས་སྐྱེད་ཁ་ཆག་ཡང་དང། ཞིང་བུན། ཡེ་ཤེ་བ་ནི་ (Yeshesvani) འཕྲོད་བསྟེན་རོགས་སྐྱོར། ཚོང་གི་བུ་ལོན་ལྟ་བུ་མཉམ་འབྲེལ་དང་དེའི་ཚོགས་མི་ཚོར་ཡོད་སྐོར་གསུངས་སོང། ལུགས་བསམ་ས་གནས་འགོ་འཛིན་ཟུར་པ་བཀྲིས་དབང་འདུས་ལགས་དང་ལུགས་བསམ་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་གཞི་རྒྱ་ཆེ་བའི་གཞིས་ཆགས་འདིར་ཚོགས་ཁང་ཞིག་དགོས་ངེས་ཅན་དུ་གཟིགས་ནས་ཚོགས་ཁང་གསར་པ་རྒྱག་རྒྱུའི་ལས་གཞི་འདི་ ༢༠༠༨ ལོར་ཐོག་མའི་མ་རྩ་ཞིང་གཤེགས་དམ་པ་སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་ནས་ཞལ་འདེབས་གནང་བའི་ཧིན་སྒོར་འབུམ་ ༡༥ ལས་དབུ་བཙུགས་པ་རེད། ཚོགས་ཁང་འདི་ཡི་ཚོད་དཔག་མ་གནས་སྒོར་འབུམ་ ༦༥ ཡིན་ཞིང། ཚོགས་ཁང་སྔ་མའི་ཤོང་ཚད་མི་ཉིས་བརྒྱ་ཡིན་པ་དང་མི་འདྲ་པར་མི་ ༢༠༠༠ ཙམ་གྱི་ཤོང་ཚད་ཡིན།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལ་མཉམ་འབྲེལ་ལེགས་ཤོས་ཀྱི་རྒྱལ་སྤྱིའི་གཟེངས་རྟགས་ཐོབ།
ཕྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༥ དང་ ༦ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཚོགས་ཆེན་ཚོགས་པའི་སྐབས་སུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལ་མཉམ་འབྲེལ་ལེགས་ཤོས་ཀྱི་རྒྱལ་སྤྱིའི་གཟེངས་རྟགས་བསྩལ་ཡོད། ཚོགས་ཆེན་དེ་ World Peace Development and Research foundation, the International Co-operative Alliance, National Cooperative Union of India, United Nation International Cooperative year རྣམས་ནས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པ་རེད། སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་གཟེངས་རྟགས་དེ་བཞེས་གནང་པ་དང་ཉིན་གཉིས་པའི་ཚོགས་འདུའི་སྐབས་བོད་མི་མཉམ་འབྲེལ་གྱི་ལས་དོན་ཞུ་ཕྱོགས་རྣམས་འགྲེལ་བརྗོད་གནང་། ཚོགས་ཆེན་དེར་རྒྱལ་ཁབ་བཅུ་དྲུག་ནས་སྐུ་ཚབ་བརྒྱ་བརྒལ་བ་མཉམ་ཞུགས་གནང་བ་དང་ལྷན་དུ་རྒྱ་གར་གྱི་མཉམ་འབྲེལ་ལས་འགུལ་གྱི་མཉམ་འབྲེལ་སྟོབས་ཆེན་ཡང་ཡོད། མཛད་སྒོ་འདིར་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་རྒྱ་གར་གཞུང་གི་སོ་ནམ་པའི་བློན་ཆེན་ཟུར་པ་ཤི་རི་བལ་རམ་ཇ་ཁར་ (Shri Bal Ram Jakhar) མཆོག་གི་ལྷན་དུ་གནས་ཡོད་མི་སྣ་གཞན་དང། International Cooperative Alliance ཡི་ངེས་སྟོན་པ་ཟུར་པ་ཌོཀ་ཌར་དྷ་མན་པར་ཀྴ་ (Dr. Daman Prakash) མཆོག Chief Executive of National Co-operative Union of India ཌོཀ་ཌར་དི་ནིཤ་ (Dr. Dinesh) མཆོག NCUI ཡི་ངེས་སྟོན་པ་ཆེ་བ་དང་གྲོས་ཚོགས་འོག་མ་ཡི་ཚོགས་མི་ཤིརི་ཤི་བ་ཇི་རཝ་གི་རི་དར་པ་ཊིལ་ (Shri Shivaji Roa Giridhar Patil) WPDRF ཡི་ཚོགས་གཙོ་སློབ་དཔོན་སན་དིབ་མར་བ་(Sandeep Marwah) བཅས་ཀྱིས་གཙོ་སྐྱོང་གནང་བ་རེད། རྒྱ་གར་མཉམ་འབྲེལ་ནས་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་གིན་ཡོད་པ་བཞིན་བོད་མིའི་མཉམ་འབྲེལ་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་གི་ཡོད། འཛམ་གླིང་ནང་དུ་མཉམ་འབྲེལ་ཚོགས་པ་ས་ཡ་གཉིས་ཙམ་ཡོད་པའི་ཚོགས་མི་དུང་ཕྱུར་གཅིག་བརྒལ་བ་ཡོད་པ་ལས་རྒྱ་གར་ནང་དུ་དབུས་གཞུང་གི་སྤྱི་མཐུན་ ༢༢ དང་མངའ་སྡེའི་སྤྱི་མཐུན་ ༦༤༨ རྒྱ་གར་རྒྱལ་ཡོང་མཉམ་འབྲེལ་ ༥༢༢ མངའ་སྡེ་མཉམ་འབྲེལ་ ༦༠༠༠༠༠ བཅས་ལ་ཚོགས་མི་ས་ཡ་ ༣༠༠ བརྒལ་བ་ཡོད། བོད་མི་སྤྱི་མཐུན་མཉམ་འབྲེལ་གྱི་ཡན་ལག་མཉམ་འབྲེལ་ ༡༥ ཡོད་པ་ལས་ཤས་བདག་་ཚོགས་མི་ ༢༤༠༠༠ བརྒལ་བ་ཡོད། རྒྱ་གར་དུ་ཡོད་པའི་བོད་མིའི་མཉམ་འབྲེལ་ནས་ཟ་ཁང་དང་ལག་ཤེས་ཀྱི་བཟོ་གྲྭ་དང། ཉོ་ཚོང་དང་འདྲུད་འཁོར། སྤོས། ཚོང་ཁང་བཅས་ཡིན། རྒྱ་གར་ནང་སྙན་གྲགས་ཆེ་བའི་མཉམ་འབྲེལ་ཚོགས་པ་ཁ་ཤས་ཀྱི་མཚན་འབོད་ཞུས་ན་ Amul, IFFO, KRIBHCO བཅས་ཡིན།
སོ་ན་དྷར་བདུན་ཕྲག་གཅིག་རིང་རྩིས་ཁྲའི་ཟབ་སྦྱོང་།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་རྒྱ་གར་གྱི་མངའ་སྡེ་ཝས་བྷེང་གྷལ་ (West Bengal) ནང་ཡོད་པའི་སོ་ན་དྷའི་མཉམ་འབྲེལ་དུ་ཕྱི་ལོ་ ༢༠༡༢ ཟླ་༡༡ ཚེས་༩ ནས་བདུན་ཕྲག་གཅིག་རིང་རྒྱ་གར་བྱང་དང། བྱང་ཤར། དབུས་སུ་ཡོད་པའི་བོད་མིའི་མཉམ་འབྲེལ་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྡེ་ཚན་བཅས་ཀྱི་རྩིས་པ་རྣམས་ལ་འཕྲུལ་རྩིས་ (tally) དང་རྩིས་ཁྲའི་ (accounts) སྦྱོང་བརྡར་ཞིག་ཕྱི་ལོ་ ༢༠༡༢ ཟླ་བ་ ༡༡ ཚེས་ ༩ ནས་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་དེར་སོ་ན་དྷའི་ས་གནས་འགོ་འཛིན་དང། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། སྤྱི་མཉམ་ཚོགས་གཙོ་དང་འགན་འཛིན་ལྷན་ཚོགས། སྤྱི་ཁྱབ་འགན་འཛིན། ལས་བྱེད་བཅས་ལྷན་འཛོམས་གནང་ཡོད། བོད་མིའི་མཉམ་འབྲེལ་བརྒྱད་ཀྱི་རྩིས་པ་དང། སྤྱི་མཉམ་ཡན་ལག་གཉིས་བཅས་ཁྱོན་བསྡོམས་མི་གྲངས་བཅུར་འཕྲུལ་རྩིས་ (tally) དང་། སྔོན་རྩིས་བཟོ་དགོས་དང་སྟངས་འཛིན་ཞུ་ཕྱོགས་ (budget preparation and controlling) ཁྲལ་སྐྱེལ་ཞུ་ཕྱོགས་ (taxation) བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་རྩིས་ཀྱི་ལྨ་སྟོན་ཡིག་ཆ་ (FTCI account manual ) བཅས་ཐོག་གཟབ་ནན་གྱི་ཟབ་སྦྱོང་ཞིག་སྐོང་ཚོགས་གནང་ཡོད། སྦྱོང་བརྡར་ནང་མཉམ་འབྲེལ་གྱི་འཛིན་སྐྱོང་ (administration and management of co-operatives) སྐོར་ཚོགས་ཐུན་ཞིག་ཀྱང་ཚོགས་ཡོད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་དང་ལས་དོན་སྒྲུབ་ཕྱོགས་ (management and functioning of FTCI and Tibetan co-operatives) ཐོག་ཚོགས་ཐུན་ཞིག་བཞེས་པ་དང། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་རྩིས་པ་བསྟན་འཛིན་གྲགས་པ་ལགས་ནས་ཟབ་སྦྱོང་གི་ཚོགས་ཐུན་ལྷག་མ་རྣམས་སུ་སྦྱོང་བརྡར་གནང། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་མཉམ་དྲུང་དང། རྩིས་པ། འགན་ལྷན་འཐུས་མི་རྣམས་ཀྱི་ཤེས་བྱའི་ཆུ་ཚད་དང་ལས་ཀའི་མྱུར་ཚད་གོང་མཐོར་ཡོང་སླད་སྦྱོང་བརྡར་གནང་གི་ཡོད།
སྤྱི་མཉམ་ནས་བོད་མི་ཉམ་ཐག་ ༡༣༢ ལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་རོགས་རམ་གནང་རྒྱུ།
ཉམ་ཐག་རྣམ་པའི་སྨན་རིན་ཐོག་འགྲོ་གྲོན་ཆེ་བའི་དཀའ་ངལ་དེ་དག་ཇེ་ཡང་དུ་གཏོང་ཕྱིར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ནས་ཉམ་ཐག་གྲངས་ ༡༣༢ ལ་ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ ལོར་མི་རེ་ནས་སྨན་རིན་སྒོར་སྟོང་ཕྲག་ལྔ་བཅུ་བར་ཚུར་བཞེས་རྒྱུ་ཡོད་པའི་བོད་མིའི་སྨན་སྤྱོད་ལྟ་སྐྱོང་གི་ལས་གཞིའི་ (TMS) ཁུངས་སུ་ཐོ་འགོད་གནང་སྟེ་དཔལ་འབྱོར་གི་རོགས་རམ་གནང་རྒྱུའི་ཐུགས་ཐག་ཆོད་འདུག ལས་གཞི་ཐོག་མ་འགོ་འཛུགས་སྐབས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ལོ་གཅིག་གི་བསྡུ་ཆ་ (premium) ཚུལ་དུ་ཧིན་སྒོར་ ༡༢༥༤༠༠ གནང་དགོས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་རོགས་རམ་ལས་གཞི་གསར་པ་དེ་ནི་གཙོ་བོ་༸གོང་ས་མཆོག་གིས་མཉམ་འབྲེལ་ངོས་ནས་ཉམ་ཐག་རྣམས་ལ་རོགས་སྐྱོར་གནང་དགོས་པའི་ལམ་སྟོན་ལས་སེམས་འགུལ་ཐེབས་པ་ཞིག་ཡིན། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ནང་འགོ་འཛུགས་གནང་བ་ཞིག་ཡིན། ལས་གཞི་གསར་པ་དེའི་དམིགས་ཡུལ་ནི་བཙན་བྱོལ་དུ་གནས་པའི་བོད་མི་ཡོངས་ཀྱི་གནས་རིམ་གཉིས་པ་དང་གསུམ་པའི་སྨན་རིན་འགྲོ་གྲོན་ཕྱིར་སློག་གི་ཆ་རྐྱེན་ཞིག་བསྩལ་གྱི་ཡོད། ལས་འཆར་འདིའི་འོག་ཏུ་མི་རེ་ངོ་རེ་ནས་ལོ་རེར་ཧིན་སྒོར་༩༥༠ ཕུལ་ཏེ་སྨན་ཁང་དུ་ཉལ་བའི་འགྲོ་གྲོན་སྒོར་སྟོང་ཕྲག་ལྔ་བཅུ་བར་བཞེས་ཆོག།།
སྤྱི་མཐུན་མཉམ་གྱི་འགན་ལྷན་རྣམས་ར་ཝང་ལ་དང་སོ་ན་དྷ་མཉམ་འབྲེལ་དུ་ཕེབས།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང། སྤྱི་ཁྱབ་འགན་འཛིན། འགན་འཛིན་ལྷན་ཚོགས་འཐུས་མི། ལས་བྱེད་བཅས་ར་ཝང་ལ་མཉམ་འབྲེལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་། ཁོང་རྣམ་པ་ར་ཝང་ལར་ཕྱག་ཚོད་བཅུ་པའི་ཐོག་འབྱོར་མཚམས་ས་གནས་འགོ་འཛིན་དང་མཉམ་འབྲེལ་གྱི་དྲུང་ཆེ་ནས་སྣེ་ལེན་ཟབ་རྒྱས་ཞུས། མཉམ་འབྲེལ་གྱི་བཤས་བདག་ (share) ཚོགས་མི་དང་མང་ཚོགས་ཀྱི་ལྷན་དུ་ཚོགས་འདུ་མ་ཚོགས་གོང་དུ་མཉམ་འབྲེལ་གྱི་བཟོ་གྲྭའི་སྡེ་ཚན་དང། བུ་གསོ་ཁང། ཚོང་ཁང་བཅས་ལ་བསྐོར་སྐྱོད་གནང། ཚོགས་འདུ་དེར་ས་གནས་མི་མང་གྲངས་འབོར་ ༡༡༠ བརྒལ་བའི་མཉམ་ཞུགས་གནང། སྐབས་དེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་དེའི་སྡེ་ཚན་ཁག་གི་སྐོར་དང་མཉམ་འབྲེལ་ཡར་རྒྱས་ཡོང་སླད་ཚོགས་མི་ཡོངས་ཀྱི་མཐུན་སྦྱོར་གོང་བུ་གཅིག་ཏུ་སྒྲིལ་དགོས་རྒྱུ་གལ་ཆེ་ཡིན་སྐོར་གཏམ་བཤད་གནང་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་ར་ཝང་ལའི་མཉམ་འབྲེལ་ཚོགས་པ་འདི་ཡར་རྒྱས་ཕྱིན་པའི་རྟགས་རྣམས་གསལ་སྟོན་གནང་ཞིང་ད་དུང་ཡར་རྒྱས་གོང་འཕེལ་ཡོང་སླད་ཚོགས་པའི་ངོས་ནས་འབད་བརྩོན་སྔར་ལས་ལྷག་པ་ཞིག་བརྒྱག་དགོས་དོན་སྐོར་བརྗོད་སོང། ཚོགས་འདུ་བསྒྲུབས་པའི་རྗེས་སུ་ཁོང་རྣམ་པ་མཉམ་འབྲེལ་གྱི་མཛེས་ལྗོངས་ལྡན་པའི་སྣ་འཛོམས་སྤྲོ་གསེང་ (resort) ཞིག་འཛུགས་བསྐྲུན་བྱེད་འཆར་ཡོད་པ་དེར་ཕེབས་གནང་འདུག། ཉིན་དེའི་ཕྱི་དྲོར་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་དང། སྤྱི་ཁྱབ་འགན་འཛིན། ལས་བྱེད་རྣམ་པ་སོ་ན་དྷའི་མཉམ་འབྲེལ་དུ་འབྱོར། དེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན་ལྷན་དུ་སོ་ན་དྷའི་མཉམ་འབྲེལ་ཚོགས་གཙོ་བཀྲིས་དོན་གྲུབ་དང་མཉམ་དྲུང་དབང་འདུས་ཀྱིས་མཉམ་འབྲེལ་གནས་བབ་དང་མ་འོངས་པའི་ལས་འཆར་སྐོར་བཀའ་སྡུར་གནང། ཕྱི་ཉིན་དེ་ནས་རྩིས་པ་རྣམས་ལ་བདུན་ཕྲག་གཅིག་གི་རིང་ཟབ་སྦྱོང་འགོ་འཛུགས་གནང། ར་ཝང་ལའི་ཉེ་འགྲམ་དུ་བུ་དྷ་སྐྱེད་ཚལ་དང་གུ་རུ་མཆོད་རྟེན་གསར་བསྐྲུན་གནང་བའི་རྐྱེན་གྱིས་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་འགྲོ་ཡུལ་ས་གནས་ཡག་་ཤོས་་ཤིག་ཡིན་པ་དང་སྒང་ཏོག་ནས་ཐག་རིང་པོའང་ཞེ་དྲག་མེད། སོ་ན་དྷ་མཉམ་འབྲེལ་འདི་ཉིད་ཚོང་འབྲེལ་གྱི་བསྟི་གནས་ཀ་ལིང་པོང་དང་ས་ལུ་གྷ་ར་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོའི་འཁོར་ཡུལ་རྡོར་ལིང་གི་ཉེ་འདབས་སུ་གནས་རྐྱེན་ཚོང་འབྲེལ་གྱི་རེ་འདུན་ཆེན་པོ་ཡོད།
དྷ་སའི་མཉམ་འབྲེལ་ནས་ལོ་འཁོར་ཚོགས་ཆེན་ཐེངས་ ༤༤ པར་འགན་འཛིན་ལྷན་ཚོགས་གསར་འདེམས་གནང།
བོད་ཀྱི་ལག་ཤེས་བཟོ་གྲྭ་དང་ཚོང་ཁང་གཅིག་ལྕོགས་མཉམ་འབྲེལ་གྱིས་ལོ་འཁོར་ཤེས་བདག་ཚོགས་ཆེན་ཐེངས་ ༤༤ པ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༩ པའི་ཚེས་ ༢༡ ཉིན་ཚོགས་པ་རེད། ཤས་བདག་་ཚོགས་མི་གཉིས་ལ་ཚོགས་མི་བྱས་ཏེ་ལོ་ཉི་ཤུ་རྩ་ལྔ་འཁོར་བར་ཕྱག་ཁྱེར་གནང་བ་དང་རྒས་ཡོལ་ཐོན་པའི་ཤས་བདག་ཚོགས་མི་ཞིག་ལ་གཟེངས་རྟགས་གནང་བ་དང་ཆབས་ཅིག་ཏུ་ཚོགས་པར་ཞབས་ལོ་ ༢༠ སོན་པའི་ལས་བྱེད་ཅིག་ལ་ཞབས་ཞུའི་ཕྱག་ཁྱེར་ལྷན་དུ་ཧིན་སྒོར་ ༥༠༠༠ ཕུལ། ཚོགས་འདུ་དེར་སྐུ་མགྲོན་གཙོ་བོ་ནི་ནང་སྲིད་ལས་ཁུངས་ཀྱི་མཉམ་འབྲེལ་ཡར་རྒྱས་གོང་འཕེལ་སྡེ་ཚན་ནས་ཡིན་པའི་དྲུང་གཞོན་སྐུ་ཞབས་ཀུན་མཆོག་དོན་གྲུབ་ལགས་ཕེབས་འདུག སྤྱི་ཁྱབ་འགན་འཛིན་ནས་འཛིན་སྐྱོང་གི་འཆར་གཞི་ལ་རྩིས་ཞིབ་བགྲུབས་པའི་རྗེས་སུ་ཕྱི་ལོ་ ༢༠༡༡་་༢༠༡༢ ལོའི་ཁེ་གཙང་ལས་བརྒྱ་ཆ་ ༢༥ ལས་མི་རྣམས་ལ་བགོ་རྒྱུ་ཡིན་ཚུལ་བརྗོད་པ་དང་ཕྱི་ལོ་ ༢༠༡༠་་༢༠༡༡ ལོའི་གཙང་ཁེ་ཧིན་སྒོར་འབུམ་ ༩.༦༧ དེ་དག་བགོ་རྒྱུའི་མཐའ་མའི་བཀའ་འཁྲོལ་ཐོབ་ཚུལ་གསུངས་ཤིང། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་གསར་འདེམས་གནང་བ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྔ་ལས་གསུམ་ཡང་བསྐྱར་འོས་འདེམས་བྱུང་འདུག
ཞབས་ལོ་ཉི་ཤུ་སོན་པའི་ལས་བྱེད་རྣམས་ལ་གཟེངས་བསྟོད་འབུལ།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༥ ཉིན་མོན་གྷོ་མཉམ་འབྲེལ་གྱི་ལོ་འཁོར་གྱི་ཚོགས་ཆེན་ཐེངས་ ༤༥ པ་དེར་ཞབས་ལོ་ཉི་ཤུ་སོན་པའི་ལས་བྱེད་གཉིས་ལ་གཟེངས་བསྟོད་ཕུལ། དེར་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ཀྱིས་བརྗོད་དོན་ལ། བོད་མིའི་མཉམ་འབྲེལ་ལ་ཤས་བདག་ཚོགས་མི་རྣམས་ཀྱི་དངུལ་སྲུང་སྐྱོབ་བྱེད་པར་ལས་འགན་ཆེན་པོ་ཞིག་ཡོད་པ་དང། བོད་མིའི་མཉམ་འབྲེལ་གྱི་ལོ་རྒྱུས་ནང་དུ་ཁེ་གྱོང་གི་བརྒྱུད་རིམ་འགའ་བྱུང་ཡོད་ཀྱང། བོད་མིའི་མཉམ་འབྲེལ་ནས་དུས་ནམ་ཡང་ཚོགས་མི་རྣམས་ཀྱིས་དངུལ་བཅོལ་བ་དེ་དག་ལེན་དུ་སླེབས་སྐབས་དངུལ་སློག་མ་ཐུབ་པའི་གནས་སྟངས་བྱུང་མེད། ལོ་ཤེས་སྔོན་བྷེལ་ཀོབ་གཞིས་ཆགས་སུ་གནས་པའི་སྒེར་གྱི་ཚོང་པ་འགའི་ཁ་དབང་རྒུད་རྡིབ་བྱུང་སྐབས་བོད་མི་མང་པོ་ཞིག་སོ་སོའི་བཅོལ་བའི་དངུལ་ཚུར་མ་སློག་པའི་དཀའ་ངལ་ཧ་ཅང་མང་པོ་འཕྲད་དོན་སྐོར་གསུངས། ཚོགས་མི་ ༣༧༥ ལ་མོན་གྷོ་མཉམ་འབྲེལ་གྱིས་ཀར་ན་ཊ་ཀའི་མངའ་གཞུང་ནས་ཞིང་ལས་ཆེད་བུ་ལོན་སྒོར་ས་ཡ་བཅུ་བཞི་ལག་སོན་བྱུང་བར་ལམ་ལྷོང་བྱུང་བ་དང། ཚོང་ཁང་གསར་པ་ ༣༨ བརྒྱབས་ཏེ་ཤས་བདག་ཚོགས་མི་རྣམས་ཀྱི་འཚོ་གནས་ཆེད་བོགས་མར་བཏང་ཡོད། མཉམ་འབྲེལ་བརྒྱུད་རྒྱ་གར་གཞུང་ནས་བསྐྲུན་པའི་བཟའ་འབྲུའི་ལག་དེབ་ (ration card) དེ་དག་གཞིས་མི་ཡོངས་སུ་ལག་སོན་ཐུབ་པ་བྱུང་འདུག།
བདེ་སྐྱིད་སླར་གསོའི་མཉམ་འབྲེལ་གྱིས་ལོ་འཁོར་ཚོགས་ཆེན་ཐེངས་ ༣༣ པ་དེ་ཚོགས།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ ཉིན་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་མ་ཤས་ཚོགས་མི་ ༣༥༠ བརྒལ་བ་མཉམ་ཞུགས་ཐོག་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༣༣ པ་དེ་ཚོགས་པ་རེད། དབུ་འབྱེད་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོར་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་ལགས་གཉིས་ཕེབས་ཡོད་འདུག། མཛད་སྒོ་དེའི་སྐབས་ཚོགས་པས་འདས་པའི་ལོའི་མཁོ་སྒྲུབ་ཀྱི་དུས་ཡུན་དེར་སྟོན་ཐོག་གི་གནས་བབ་ལེགས་པོ་ཉར་ཚགས་བྱས་པའི་མ་ཤས་ཚོགས་མི་ ༡༩ ལ་བྱ་དགའ་གནང། བྱ་དགའ་འདི་ནི་མ་ཤས་ཚོགས་མི་རྣམས་ཀྱི་ཨ་ཤོམ་གྱི་སྤུས་ཚད་ཉར་ཚགས་ཐོག་སེམས་ཤུགས་སྤེལ་བ་དང་ངོས་འཛིན་གནང་བའི་ཕྱིར་ཚོགས་པས་གསར་གཏོད་གནང་བ་ཞིག་ཡིན། རྩེ་ཕུད་ཅན་གྱི་མ་ཤས་ཚོགས་མི་ ༡༩ རྣམས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་བདམས་པ་ཞིག་ཡིན། ཚོགས་འདུའི་སྐབས་སུ་ཉེ་ཆར་ཀོ་ལེ་གྷལ་གཞིས་ཆགས་སུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ཚོགས་པ་འདིར་ཁེ་བཟང་མང་ཤོས་བཟོ་མཁན་དང་ཁྱོན་ཡོངས་མཉམ་འབྲེལ་གྱི་ཚོགས་པ་ ༡༥ ཡོད་པའིཁོངས་ནས་ཞབས་འདེགས་ཡག་ཤོས་ཞུ་མཁན་ཡིན་པས་བྱ་དགའ་ཞིག་བསྩལ་དོན་སྐོར་བརྗོད་སྐབས་ཚོགས་མི་རྣམས་ཐུགས་དགྱེས་ཚོར་ཆེན་པོ་བྱུང། ཕྱི་ལོ་ ༢༠༡༡་་་༢༠༡༢ ནང་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་ནས་ཧིན་སྒོར་འབུམ་ ༦༥ ཁེ་བཟང་བྱུང་ཞིང། སྔ་ལོ་ཁོང་ཚོས་མཉམ་འབྲེལ་ལ་ཨ་ཤོམ་བཙོང་མཁན་གྱི་ཞིང་པ་ཚོར་ཧིན་སྒོར་འབུམ་ ༢༤ བགོས་འགྲེམས་བྱས་ཡོད།
སྤྱི་མཉམ་གྱི་སྤྱི་ཁྱབ་འགན་འཛིན་མཆོག་ནས་ཚོང་སྒྱུར་གྱི་ཐབས་འཚོལ་ཞེས་པའི་ཚོགས་འདུར་གཏམ་བཤད་གནང།
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༨ པའི་ཚེས་ ༣༡ ཉིན་ཧེ་དི་ར་བྷད་ (Hyderabad) ཀྱི་ཇུ་བི་ལི་ཚོགས་ཁང་ (Jubilee hall) དུ་ཕྱི་ལོ་ ༢༠༡༢ དེ་རྒྱལ་སྤྱིའི་མཉམ་འབྲེལ་ནས་དགྱེས་སྟོན་གནང་བའི་ཚེ་མཉམ་འབྲེལ་གྱི་ཆེད་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཁྲོམ་ར་འཐབ་འཚོལ་དང་འབྲེལ་བའི་སྐོར་འགྲོ་གླེང་ཚོགས་འདུ་ (Seminar on 21st century marketing strategies for cooperative) ཞེས་པའི་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པ་དེར་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་ Marketing strategies of Handlooms and Handicraft ཐོག་གཏམ་བཤད་གནང་འདུག མཛད་སྒོ་འདིར་བཅར་བའི་གནད་ཡོད་མི་སྣ་ཁག་ནི་སྐུ་མགྲོན་གཙོ་བོ་ཨན་དྷ་ར་པར་དྷེཤ་ (Andhra Pradesh) མངའ་སྡེ་གཞུང་གི་མཉམ་འབྲེལ་བློན་ཆེན་སྐུ་ཞབས་ཤི་རི་ཀ་སུ་ཀིཤ་ན་རེ་ཌི་ (Shri Kasu Krishna Reddy) མཆོག་དང། དམིགས་བསལ་སྐུ་མགྲོན་ National Cooperative Union of India གྱི་ཚོགས་གཙོ་སྐུ་ཞབས་ཤི་རི་ཅན་ད་ར་པལ་སིང་ (Shri Chandra Pal Sing) མཆོག ཞིང་ལས་དང་མཉམ་འབྲེལ་གྱི་དྲུང་ཆེ་ (Special Chief Secretary) ཤི་རི་ཨ་ཡེར་ཀེ་ཤི་ན་རབོ་ (Sri Iyr Krishna Roa, IAS) མཆོག མངའ་སྡེའི་གཞུང་གི་མཉམ་འབྲེལ་དང་མཉམ་འབྲེལ་དེབ་སྐྱེལ་ (Cooperation and Registrar of Cooperatives) གྱི་འགན་འཛིན་ཤི་རི་ཨ་ཨས་ཤི་རི་ན་རེཤ་ (Shri I S Srinaresh,IAS) རྣམས་ཡིན། ཉིན་གཅིག་གི་ཚོགས་འདུ་དེ་མངའ་སྡེའི་གཞུང་གི་མཉམ་འབྲེལ་ལྷན་ཁང་དང་ GoCoop Solutions and Services Private Ltd ནས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་དང་མཉམ་འབྲེལ་གྱི་ཐོན་ཟོག་ཚོང་ཐབས་རྣམས་རྒྱ་ཆེ་མང་ཚོགས་སུ་གསལ་སྟོན་གནང་། བོད་མིའི་སྤྱི་མཐུན་ནཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་རུམ་གདན་དང་དེའི་ཚོང་ཐབས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་རྒྱ་གར་ནང་དུ་དེའི་ཡན་ལག་བཅོ་ལྔ་རྣམས་ཆགས་ཚུལ་སྐོར་གཏམ་བཤད་གནང་ཞིང། མཛད་སྒོ་དེར་སྐུ་ཚབ་ ༢༠༠ ཙམ་མཉམ་ཞུགས་གནང་འདུག
བོད་མིའི་མཉམ་འབྲེལ་ལ་ཁེ་བཟང་ས་ཡ་ ༢༠ བྱུང།
ཕྱི་ལོ་ ༢༠༡༡-༡༢ ནང་སྤྱི་མཉམ་དང་བོད་མིའི་མཉམ་འབྲེལ་བཅོ་ལྔའི་ནང་ཁྱོན་བསྡོམས་ཚོང་འབོར་ཧིན་སྒོར་ས་ཡ་༧༠༠ བྱུང་ཡོད་པ་དེ་ནས་ཁེ་བཟང་ཧིན་སྒོར་ས་ཡ་ ༢༠ བྱུང་ཡོད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་དེའི་མ་ལག་གི་མཉམ་འབྲེལ་རྣམས་ལ་ཁྱོན་བསྡོམས་ཀྱི་མཁར་དབང་སྒོར་ས་ཡ་ ༡༥༠༠ ཡོད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་སྡེ་ཚན་ ༡༥༠ ཙམ་འཛིན་སྐྱོང་གནང་ཞིང། མི་གྲངས་ ༧༥༠ ཙམ་ལ་འཚོ་རྟེན་གྱི་ལས་གནས་གནང་ཡོད། འདས་པའི་ལོ་འདིར་མཉམ་འབྲེལ་གཉིས་གྱོང་གུན་དུ་ཕྱིན་པ་ལས་གཞན་བཅུ་གསུམ་ལ་ཁེ་བཟང་ཡག་པོ་བྱུང་ཡོད། མཉམ་འབྲེལ་ཁྱབ་ཁོངས་ཀྱི་སྡེ་ཚན་ ༡༥༠ ནས་སྡེ་ཚན་༥༠ ནི་བོད་མིའི་སྤྱི་ཚོགས་ཀྱི་ཁེ་ཕན་ཁོ་ནར་དམིགས་པ་ལས་ཁེ་བཟང་བསྐྲུན་པའི་ཆེད་མིན། སྤྱི་ཚོགས་ཞབས་འདེགས་ཁོ་ནར་དམིགས་པའི་བྱེད་སྒོ་འགའ་ཞིག་ནི་སློབ་གྲྭའི་མོ་ཏྲ། རྩམ་ཐག་འཁོར་ལོ། བུ་གསོ་ཁང། ཀྲག་ཀྲར་རྨོད་འཁོར་སྡེ་ཚན་ལ་སོགས་པ་ཚུད་ཀྱི་ཡོད། ཁེ་བཟང་མང་ཆེ་བ་ཞིང་འབྲས་ཐོན་སྐྱེད་དང། སྤོས། རྡོ་སྣུམ་སྡེ་ཚན། རུམ་འཐག་ཚོང་ཁང་ལ་སོགས་པའི་ཚོང་འབྲེལ་ལས་བྱུང་བ་རེད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ཧིན་སྒོར་ས་ཡ་ ༢ ཙམ་མཉམ་འབྲེལ་གྱི་ཡན་ལག་བཅོ་ལྔའི་མཉམ་དྲུང་གླ་ཕོག་ལ་གནང་བཞིན་པ་དང་སྒོར་འབུམ་ ༤ ཙམ་སློབ་ཡོན་དང་སྟོན་ཉེན་གུན་གསབ་ཏུ་བཏང་ཡོད། བོད་མིའི་མཉམ་འབྲེལ་གྱིས་ལོ་ལྟར་ལག་སོན་བྱུང་བའི་ཁེ་བཟང་ལས་བརྒྱ་ཆ་བཅོ་ལྔ་ཙམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཐོག་མཐུན་སྦྱོར་གནང་གི་ཡོད།
ལོ་འདིའི་བོད་མའི་ཚོང་པའི་གཟེངས་རྟགས་འཇིགས་མེད་རྣམ་རྒྱལ་ལགས་སུ་ཕུལ།
མེ་སོར་རྫོང་གི་ཧུན་སུར་གཞིས་ཆགས་ནས་ཡིན་པའི་གངས་ལྗོངས་བཟོ་གྲྭའི་སྦྱིན་བདག་འཇིགས་མེད་རྣམ་རྒྱལ་ལགས་སུ་ ༢༠༡༢ ལོའི་བོད་མིའི་ཚོང་པའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༥ ཉིན་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དབུ་འབྱེད་མཛད་སྒོའི་སྐབས་བསྩལ་གནང་ཞུས། འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བྱ་དགའི་རྟགས་མ་དང། ལག་ཁྱེར། བྱ་དགའི་དངུལ་ ༢༥༠༠༠ བཞེས་པའི་རྗེས་སུ་གསུངས་དོན་ལ། ཉིད་ནས་བྱ་དགའ་འདི་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་།ངས་ལག་འཁྱེར་དང་རྟགས་མ་གཉིས་བདག་གཅེས་བྱེད་རྒྱུ་ཡིན་ཞིང། བྱ་དགའི་དངུལ་འབོར་དེ་ཧུན་སུར་རབ་རྒྱས་གླིང་མཉམ་འབྲེལ་དུ་བཅོལ་ནས་སྐྱེད་ཁ་བྱུང་བ་རྣམས་རབ་རྒྱས་གླིང་ཉིན་སློབ་ཀྱི་ལོ་འཁོར་ཡིག་རྒྱུགས་སྐབས་བོད་ཡིག་སློབ་ཚན་ལ་རྩེ་ཕུད་སོན་པའི་འཛིན་རིམ་དགུ་པའི་སློབ་མ་གཉིས་ལ་བྱ་དགའ་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ཁོང་གིས་ཐོག་མར་ལས་གཞི་འདི་འགོ་འཛུགས་དུས་རབ་རྒྱས་གླིང་མཉམ་འབྲེལ་ནས་ཁང་པའི་མཐུན་རྐྱེན་སྦྱོར་བ་དེར་ཐུགས་རྗེ་ཆེ་ཡང་ཞུས་གནང་སོང། ཁོང་གིས་ཕྱི་ལོ་ ༢༠༠༧ ཟླ་ ༩ པ་ནས་གངས་ལྗོངས་བཟོ་གྲྭ་འདི་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་འགོ་བཙུགས་ཡོད། བཟོ་གྲྭ་དེས་ཨི་མི་ལི་དང། རྗས་སྦྱོར་དང་མ་འབྲེལ་བའི་དམིགས་བསལ་སི་པན། ཁ་ཟས་བཅས་བཟོ་བསྐྲུན་གནང་གི་ཡོད་པ་མ་ཟད། ཉི་གློག་ལམ་སྒྲོན་དང་གློག་རྫས་རྣམས་བཟོ་བཅོས་གནང་ཞིང། ད་ལྟའི་ཆར་གཏན་འཇགས་ལས་བྱེད་བརྒྱད་དང་འཕྲལ་སེལ་ལས་བྱེད་བཅོ་དྲུག་གི་འཚོ་རྟན་སྦྱར་བཞིན་ཡོད།
ཀོ་ལེ་གྷལ་གཞིས་ཆགས་སུ་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་འགོ་འཛུགས་བྱེད།
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོར་ཀོ་ལེ་གྷལ་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་དུ་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༢ པ་དེ་དབུ་འཛུགས་གནང། སྐབས་དེར་སྐུ་མགྲོན་གཙོ་བོ་ཀར་ན་ཌ་ཀའི་དེབ་སྐྱེལ་ཟུང་དྲུང་སྐུ་ཞབས་ཀིརྴ་ན་གྷོ་ཌ་(krishna Gowda)མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེའི་ནང་ཡོད་པའི་མཉམ་འབྲེལ་ཀུན་ལ་བསྩལ་བའི་ཐོབ་ཐང་རྣམས་བོད་མིའི་མཉམ་འབྲེལ་ལའང་གཅིག་མཚུངས་རག་གི་ཡོད་སྐོར་གསུངས་པ་དང་མཉམ་འབྲེལ་གྱི་ཚོགས་པ་འདིར་ཞིང་ལས་ཀྱི་དགོས་མཁོར་རོགས་རམ་དང་ཚོགས་མི་རྣམས་ལ་རམ་འདེགས་ཀྱི་ཆེད་དུ་ཞིང་བུན་དང། Yeshasvnini Co-operative Health Care ཞེས་པའི་ལས་འཆར་སོགས་ཀྱི་ཐོབ་ཐང་རྣམས་རག་གི་ཡོད། ལོ་ལྟར་བོད་མིའི་མཉམ་འབྲེལ་གྱིས་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཞིག་མཉམ་འབྲེལ་ཁག་གང་རུང་ཞིག་ལ་གོ་སྒྲིག་ཞུ་བཞིན་ཡོད། ཉིན་གསུམ་གྱི་ལོ་འཁོར་ལྷན་ཚོགས་དེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང། སྤྱི་ཁྱབ་འགན་འཛིན། སྤྱི་ཁྱབ་འགན་འཛིན་གཞོན་པ་དང་སྤྱི་ཁྱབ་རྩིས་པ་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་མཉམ་དྲུང་བཅས་ཚོགས་མི་ ༦༠ ཙམ་མཉམ་ཞུགས་གནང་ཡོད། སྐབས་དེར་ཁོང་རྣམ་པས་གསར་གཏོད་གང་བྱེད་དགོས་མིན་དང། མཉམ་འབྲེལ་ཡར་རྒྱས་གཏང་ཕྱོགས། བོད་མིའི་གཞིས་ཆགས་རྒྱུན་འཛིན་ཐུབ་པའི་སྐོར་གྲོས་སྡུར་གནང་འདུག། ཟླ་ ༨ ཚེས་ ༢༤ ཉིན་ཚོགས་གནས་དེ་ག་རང་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་ཆེན་དེ་ཚོགས་གནང་མཛད། ལོ་འདིར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་བོད་མིའི་འཚོང་པའི་གཟེངས་རྟགས་ཤིག་གསར་གཏོད་མཛད་པ་དང་ལོ་དེའི་བོད་མི་འཚོང་པའི་གཟེངས་རྟགས་དེ་གངས་ལྗོངས་བཟོ་གྲྭའི་སྦྱིན་བདག་འཇིགས་མེད་རྣམ་རྒྱལ་ལགས་སུ་ཕུལ་བ་རེད།བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་འོག་ཏུ་སྡེ་ཚན་ ༡༥༠ བརྒལ་བ་འཛིན་སྐྱོང་གནང་གི་ཡོད་པ་དང་ལོ་འདིའི་མཉམ་འབྲེལ་ཡན་ལག་བཅོ་ལྔས་ཁེ་བཟང་སྒོར་འབུམ་ ༢༠༠ ཙམ་ལག་སོན་བྱུང་ཡོད། རྒྱ་གར་ནང་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་མ་ལག་རྣམས་ལ་ཤས་བདག་ཚོགས་མི་ ༢༤༠༠༠ བརྒལ་བ་ཡོད།
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཉེ་སྔོན་གྱི་འབྱུང་རྐྱེན་རྣམས་སྙན་སེང་ཞུས།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན་གྱི་སྔ་དྲོར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་དང། སྤྱི་ཁྱབ་འགན་འཛིན་གཞོན་པ་བསྟན་འཛིན་ཡིད་དགའ་ལགས། བྷེང་ལོར་བོད་ཀྱི་གསོལ་མགྲོན་ཁང་གི་འགན་འཛིན་བསྟན་འཛིན་ལེགས་ཚོགས་ཡིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་གི་དི་ཤ་ (Shri Jagdish Shetter) དང། ནང་སྲིད་བློན་ཆེན་སྐུ་ཞབས་ཨ་ཤོ་ཀ་ ( Shri Ashoka) སྤྱི་ཁྱབ་དྲུང་ཆེ། སྐོར་སྲུང་བའི་སྤྱི་ཁྱབ་འགན་འཛིན་(Inspector General of Police)ལ་སོགས་པའི་སྐོར་སྲུང་བའི་གནད་ཡོད་མི་སྣ་གཞན་འགའ་ཞིག གཞུང་གི་གསང་བའི་ལས་བྱེད་ལྷན་དུ་མངའ་སྡེ་བློན་ཆེན་གྱི་ནང་གི་ཡིག་ཚང་དུ་མཇལ་འཕྲད་གནང་སྟེ། ཉེ་ཆར་འབར་མའི་གནད་དོན་དེར་དྲ་རྒྱ་དང། སྤྱི་ཚོགས་ཀྱི་བརྒྱུད་ལམ། ས་གནས་ཀྱི་ཨུར་རྡུའི་ཚགས་པར་ནང་དུ་ ༢༠༡༠ ལོའི་བོད་ནང་གི་ས་གཡོམ་གོད་ཆགས་ཀྱི་འདྲ་པར་མང་པོ་ཐོན་པ་རྣམས་ལོག་ཁྲིད་ཚུལ་དུ་བེད་སྤྱོད་བཏང་སྐོར་སྙན་སེང་ཞུས། མངའ་སྡེའི་བློན་ཆེན་མཆོག་ནས་བྱང་ཤར་གྱི་ཡུལ་མི་དང་བོད་མི་རྣམས་ལ་གཞུང་ནས་སྲུང་སྐྱོབ་ཆ་ཚང་བ་གནང་རྒྱུའི་ཞལ་བཞེས་གནང་བ་དང་སྦེང་ལོར་ནས་ཕྱིར་མ་བསྐྱོད་པའི་རེ་སྐུལ་གནང་ཡོད་པ་མ་ཟད་གཞུང་ནས་སྐོར་སྲུང་བ་དང་རོགས་འདེགས་ཀྱི་ལྟེ་གནས་སོགས་གོ་སྒྲིག་ཞུས་ཤིང། བྱང་ཤར་གྱི་ཡུལ་མི་དང་བོད་མའི་གནས་སྡོད་བྱེད་སར་སྐོར་སྲུང་བ་གཏོང་རྒྱུའི་ཞལ་བཞེས་གནང་འདུག ཚོགས་འདུ་སྒྲུབ་པའི་རྗེས་སུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་དང་ལས་རོགས་རྣམ་པས་གསར་འགོད་པ་རྣམས་མཇལ་ཏེ་ལོག་ཁྲིད་ཅན་གྱི་འདྲ་པར་རྣམས་ཚགས་པར་དང། དྲ་རྒྱ། གསར་འགྱུར་བརྒྱུད་ལམ་ནང་དུ་སྤེལ་གྱི་ཡོད་སྐོར་གསལ་བཤད་གནང་ཡོད། འབར་མ་དང་ཨ་སམ་ཁུལ་དུ་དྲག་པོའི་འབྱུང་རྐྱེན་ལ་བརྟེན་ནས་བརྡབ་གསིག་ཆུང་ཚག་དང་སྐྲག་སྣང་ཞིག་ཧུབ་ལི་དང་མེ་སོར། སྦེང་ལོར་ནང་དུ་བྱུང་ཡོད། ཕྱི་ཟླ་ ༨ པའི་ཚེས་ ༡༤ ཉིན་མེ་སོར་དུ་ཡོད་པའི་བོད་པའི་བུ་ཞིག་ལ་སྦག་སྦག་བཞོན་པའི་ཕོ་གསར་གཉིས་ཀྱིས་གྲི་བཙུགས་ཤིང། མི་འགའ་ཞིག་ལ་ལོག་སྤྱོད་པ་ཚོས་འཇིགས་སྐུལ་བྱེད་པའི་གནས་ཚུལ་ཡང་ཐོན་ཡོད། འཇིགས་སྐུལ་དེའི་ནང་དུ་བྱང་ཤར་གྱི་མི་སྣ་དང་བོད་པ་རྣམས་ཕྱི་ཟླ་ ༨ པའི་ཚེས་ ༢༠ བར་རང་རང་སོ་སོའི་ས་གནས་སུ་ཕྱིར་ལོག་དགོས་ཚུལ་གསལ་ཡོད་སྟབས་དེའི་རྗེས་སུ་བྱང་ཤར་གྱི་མི་སྣ་མང་པོ་ཞིག་སོ་སོའི་མངའ་སྡེར་ཕྱོགས་བསྐྱོད་གནང་བའི་གནས་ཚུལ་བྱུང་ཡོད། དེ་བཞིན་བོད་པའི་སློབ་ཕྲུག་དང་ན་གཞོན་མང་པོ་ཞིག་རང་རང་སོ་སོའི་གཞིས་ཆགས་ཁག་ཏུ་ལོག་འདུག།
བཀའ་ཁྲི་མཆོག་བོད་ཀྱི་ཁྲོམ་རར་མཚམས་གཟིགས་ཕེབས།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་འཛིན་སྐྱོང་གི་འགན་བཞེས་ནས་ལྷོ་ཕྱོགས་གཞིས་ཆགས་ནང་འཚམས་གཟིགས་ཐོག་མ་དེ་སྦེང་ལོར་དུ་གནང། ཁོང་གིས་སྦེང་ལོར་ནང་བཞུགས་པའི་བོད་མི་རྣམས་དང་མཇལ་འཕྲད་གནང་ཏེ།བོད་ཀྱི་ཁྲོམ་རར་ཕེབས། ཕྱི་ཟླ་༧པའི་ཚེས་༢༩་ཉིན་སྲིད་སྐྱོང་མཆོག་སྦེང་ལོར་དུ་ཕེབས་ནས་བོད་ཕྲུག་སྡོད་ཁང་གི་ཚོགས་ཁང་ནང་དུ་སྦེང་ལོར་གཞིས་ཞུགས་རྣམས་དང་མཇལ་འཕྲད་གནང་པའི་རྗེས་སུ་བོད་ཀྱི་ཁྲོམ་རར་ཕེབས་ཏེ་དགོང་མོའི་ཞལ་ལག་དེ་གར་མཆོད་གནང་འདུག ཉིན་དྲུག་གི་རིང་བཀའ་ཁྲི་མཆོག་ཧུན་སུར་དང། བྷེལ་ཀོབ། མོན་གྷོ་བཅས་བོད་པའི་གཞིས་ཆགས་སུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༤ ཉིན་མངའ་སྡེའི་བློན་ཆེན་གྱི་ཡིག་ཚང་དུ་སྐུ་ཞབས་ཇ་ག་དེ་ཤི་ (Shre Jagadish Shetter) མཆོག་མཇལ་འཕྲད་གནང། བཀའ་ཁྲི་བློ་བཟང་སེང་གེ་མཆོག་ནི་ལོ་སྔོན་མར་༸གོང་ས་མཆོག་གིས་སྲིད་ཀྱི་འགན་དབང་ཡོངས་རྗོགས་རྩིས་སྤྲད་གནང་བའི་རྗེས་སུ་མི་མང་གི་བདམས་པའི་དབུས་བོད་མི་སྒྲིག་འཛུགས་ཀྱི་བཀའ་ཁྲི་དང་པོ་དེ་ཡིན།
བན་དྷ་རའི་མཉམ་འབྲེལ་གྱིས་རུམ་བཟོ་སྡེ་ཚན་བསྐྱར་གསོ་གནང།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༥ ཉིན་བན་དྷ་རའི་མཉམ་འབྲེལ་གྱིས་བརྒྱ་ཤོག་དང་པོ་དང་གཉིས་པའི་ནང་དུ་རུམ་བཟོ་སྡེ་ཚན་གཉིས་དབུ་འབྱེད་གནང་པའི་སྐབས་རྒྱ་གར་ས་གནས་མཉམ་འབྲེལ་དེབ་སྐྱེལ་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་ ARCS སྐུ་ཞབས་ Sheik Yusuf Aamir མཆོག་དང་ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། བརྒྱ་དཔོན། མི་མང་བཅས་མཉམ་ཞུགས་གནང་ཡོད། རུམ་བཟོ་སྡེ་ཚན་གཉིས་པོ་སྒོ་ཕྱེས་པའི་ཉེར་ལེན་ལ་བརྟེན་ནས་ས་གནས་ཀྱི་རུམ་གདན་འཐག་མཁན་༡༦ ཙམ་ལ་འཚོ་རྟེན་སྦྱོར་བའི་མཐུན་འགྱུར་ཞུས་ཡོད། བཟོ་གྲྭ་གཉིས་པོ་འདི་ནི་འདས་པའི་ལོ་གསུམ་རིང་སྒོ་བརྒྱབས་ཡོད་ཅིང། དེ་གཉིས་པོ་བསྐྱར་གསོ་བྱེད་པའི་རྐྱེན་གྱིས་འདས་པའི་ལོ་ཤས་རིང་བེད་སྤྱོད་མ་བྱས་པར་ལུས་པའི་བལ་རིན་ཧིན་སྒོར་འབུམ་ ༡་༤༤ དང་། འཕྲུལ་ཆས་རིན་ཚད་ཧིན་སྒོར་འབུམ་ ༡༠ གནས་པ་རྣམས་བསྐྱར་དུ་བེད་སྤྱོད་གནང་ཐུབ་པ་བྱུང་ཡོད། ལག་ཤེས་བཟོ་གྲྭ་གཉིས་པོ་དེ་གཞིས་ཆགས་ཀྱི་ནང་དུ་གནས་སྟབས་འཐག་མཁན་རྣམས་སོ་སོའི་སྡོད་ཁང་ནས་ཐག་རིང་པོ་བསྐྱོད་དགོས་ཀྱི་མེད། ས་གནས་མི་མང་ཚོས་མཉམ་འབྲེལ་གྱིས་ལག་ཤེས་བཟོ་གྲྭ་གཉིས་པོ་སླར་སྒོ་འབྱེད་གནང་བའི་རྩོལ་བ་དེར་བསྔགས་བརྗོད་གནང་བཞིན་ཡོད། མཉམ་འབྲེལ་ནས་འཐག་མཁན་རྣམས་ཀྱི་ལས་གླའི་ཚུལ་དུ་ཕི་ཀྲི་གྲུ་བཞི་མ་རེར་ཧིན་སྒོར་ ༤༤་༣༣ ནས་ཧིན་སྒོར་ ༨༤་༣༣ ཙམ་སྤར་རྒྱུའི་ཐུགས་ཐག་བཅད་ཡོད།
མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་འགོ་འཛུགས་ཞུས།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ ཉིན་ནས་འགོ་འཛུགས་པའི་སྐབས་གསུམ་པའི་མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་ (Higher diploma in co-operative Management training ) དེ་དག་ (Regional Institute of Co-operative Management Bangalore) ལ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་གཉིས་ནས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་ཡོད། ངག་རྒྱུགས་བླངས་ཏེ་བོད་པའི་བུ་ལྔ་དང་བུ་མོ་གསུམ་ལ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ཟླ་བ་དགུའི་དུས་ཡུན་ཅན་གྱི་མཉམ་འབྲེལ་འཛིན་སྐྱོང་སྦྱོང་བརྡར་འདིའི་ཁོངས་སུ་བདམས་གནང་བ་དང་སྦྱང་གཞིའི་སློབ་ཚན་ཁག་ནི་མཉམ་འབྲེལ་འཕེལ་རིམ་དང། ཁྲིམས་སྒྲིག ལྟ་གྲུབ་། དངུལ་རྩིས་ ཁྲོམ་ར་ཐབས་ཚོལ་ལ་སོགས་པ་ཡིན་ཞིང། སྦྱོང་བརྡར་གྲུབ་པའི་རྗེས་སུ་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་ནམ་རྩིས་པའི་ལས་གནས་སུ་བསྐོ་གཞག་གནང་གི་ཡོད། སློབ་ཁྲིད་གནང་བའི་དུས་ཡུན་སྐབས་ཁོང་ཚོ་ཀར་ན་ཊ་ཀའི་ནང་དུ་ཡོད་པའི་བོད་མིའི་མཉམ་འབྲེལ་ཁག་ཏུ་བདུན་ཕྲག་གཉིས་རིང་ཉམས་གསོག་ཆེད་ཕྱོགས་བསྐྱོད་གནང་རྒྱུ། ཟབ་སྦྱོང་འདི་ཡི་འགྲོ་གྲོན་ཡོངས་རྫོགས་རིན་མེད་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་དང་སྤྱི་ཁྱབ་འགན་འཛིན་གཞོན་པ་གཉིས་ཀྱིས་ RICM གི་ངེས་སྟོན་པ་འབུམ་རམས་པ་ཨས་ཨེ་སི་དྷན་ཏི་ (Dr. SA Siddhanti) དང་འབྲེལ་ཡོད་ལས་བྱེད་ཁག་ལ་མཇལ་འཕྲད་གནང་སྟེ་ཟབ་སྦྱོང་དེའི་ཐོག་གྲོས་མོལ་གནང་འདུག།
བོད་མིའི་མཉམ་འབྲེལ་གྱི་ཚོགས་མི་ཁག་ནས་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་ལ་འཚམས་འདྲི་ཞུས།
ཕྱི་ལོ་ ༢༠༡༢ ཟླ་ ༧ པའི་ཚེས་ ༡༨ ཉིན་གྱི་སྔ་དྲོར་བོད་མའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་དང། ཀར་ན་ཊ་ཀའི་ནང་དུ་ཡོད་པའི་མཉམ་འབྲེལ་གྱི་ཚོགས་པ་ལྔས་སྐུ་ཞབས་ཇ་ག་དི་ཤི་ (Shri Jagadish) མཆོག་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པའི་ལས་གནས་བཞེས་པར་ཁོང་གི་གཟིམས་ཤག་ཏུ་འཚམས་འདྲི་ཞུས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན་གཉིས་ནས་ཀར་ན་ཊ་ཀའི་མི་མང་དང་མངའ་སྡེའི་གཞུང་ནས་མུ་མཐུད་རོགས་སྐྱོར་གནང་པ་དེར་བཀའ་དྲིན་ཤིན་ཏུ་ཆེ་ཚུལ་སྐོར་བློན་ཆེན་གསར་པར་ཞུས་པ་དང་ཆབས་ཅིག་ལོ་དེར་སྟོན་ཉེས་བྱུང་བར་གུན་གསབ་བསྩལ་བར་རེ་འདུན་ཞུས་པ་རེད། རེ་འདུན་ཞུས་པའི་གནད་དོན་གཞན་འགའ་ཞིག་དེ་སྔོན་ཞུས་ཟིན་པའམ་ད་ལྟའི་ཆར་ལས་གཞི་འགྲོ་བཞིན་ཁག་ཅིག་ཡོད།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ལྷོ་ཕྱོགས་ཞིང་པ་རྣམས་ལ་རོགས་དངུལ་གནང།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་མོན་གྷོ་དང་ཀོ་ལེ་གྷལ་གྱི་ཞིང་པ་རྣམས་ལ་རྒྱབ་སྐྱོར་དང་སྐྱོབ་གསོའི་སླད་འབྲེལ་ཡོད་ཀྱི་མཉམ་འབྲེལ་ཚོགས་པའི་བརྒྱུད་ནས་ཧིན་སྒོར་འབུམ་རེ་ཞལ་འདེབས་གནང་། ཞལ་འདེབས་འདི་བཞིན་ཆར་པ་མང་དྲགས་པ་དང་ཉུང་དྲགས་པའི་རྐྱེན་གྱིས་ཞིང་པར་སྟོན་ཉེས་བྱུང་བར་དང་། ཕྱི་ལོ་ ༢༠༡༡ ནང་མོན་གྷོ་ཞིང་པ་ཚོར་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཞིང་ས་རྣམས་འདམ་དུ་གྱུར་བ་དང་ཆར་པ་ཤུགས་ཆེ་བ་དང་ཡང་སྲིད་བབས་པར་བརྟེན་ཞིང་པ་བརྒྱ་ཆ་ ༩༠ ཡིས་ཕྱི་ལོ་ ༢༠༡༡ ནང་འབྲས་འདེབས་ལས་གནང་ཐུབ་མེད་ཅིང། ཆར་དུས་སྐབས་སུ་ཞིང་པ་ཚོས་འབྲས་ཐེངས་གསུམ་བཏབ་ཀྱང་ལམ་ལྷོང་བྱུང་མེད། གཞན་ཡང་ཀོ་ལེ་གྷལ་གཞིས་ཆགས་སུ་ཆར་དུས་ (monsoon) ཕྱི་དྲགས་པའི་རྐྱེན་གྱིས་ཆར་པ་ཆེས་ཉུང་ཉུང་བབས་པས་ཁྱོན་ཡོངས་ཐོན་སྐྱེད་ནི་སྔ་ལོ་ལ་གཞིགས་ན་ཧ་ཅང་ཉུང་བ་བྱུང་ཡོད། ཞིང་པ་སོ་སོའི་ཐོན་སྐྱེད་ལ་ཁྱད་པར་ཡོད་པ་དང་ཐོན་སྐྱེད་མཐོ་ཤོས་ནི་བརྒྱ་ཆ་ ༥༠ ཡིན་ཞིང། ཞིང་པ་འགའ་ཞིག་ལ་ཐོན་སྐྱེད་གཏན་ནས་བྱུང་མེད། ས་ཞིང་གི་ཆགས་བབ་ལ་བརྟེན་ནས་ཞིང་པ་སོ་སོའི་ཐོན་སྐྱེད་མི་འདྲ་བ་བྱུང་ཡོད་པས་ཤར་ཕྱོགས་སུ་གནས་པའི་བརྒྱ་ཤོག་དེར་ཆར་པ་ཉུང་ཙམ་འབབ་པ་དང་ལྷོ་ཕྱོགས་སུ་གནས་པའི་བརྒྱ་ཤོག་དེར་ཆར་པ་མང་ཙམ་འབབ་འདུག ཞིང་ལས་ལ་བརྟེན་ནས་གནས་པའི་བོད་པའི་གཞིས་ཆགས་ཡོངས་རྫོགས་ཆར་པ་ལྡན་པའི་ས་ཕྱོགས་སུ་གནས་ཡོད། ཞིང་པ་རྣམས་ལ་ཆུ་འདྲེན་གྱི་མཐུན་རྐྱེན་མེད་པས་ནམ་ཀྱི་ཆར་པ་ཉིད་ལ་བརྟེན་ཡོད། ཞིང་པ་འདི་ཚོར་ཞིང་ལས་ནི་འཚོ་རྟེན་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་དེ་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་སྒེར་དང་ཚོགས་པ་ཁག་གི་ཞལ་འདེབས་གནང་མཁན་རྣམ་པར་གོང་དུ་བརྗོད་པའི་གཞིས་ཆགས་ཀྱི་ཞིང་པ་རྣམས་ལ་ཞལ་འདེབས་གནང་བར་ནན་ཏན་ངང་ནས་རེ་སྐུལ་ཞུས་གནང་མཛད།
སྦེང་ལོར་དུ་བོད་ཀྱི་ཁྲོམ་ར་སྒོ་འབྱེད་གནང།
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་བཞི་དང་ཕྱེད་ཀའི་ཐོག་སྐུ་མགྲོན་གཙོ་བོ་བློན་ཆེན་ཟུར་པ་དང་ཀོ་ར་་མན་གྷ་ལའི་ས་གནས་ཀྱི་འཐུས་ཚབ་སྐུ་ཞབས་ར་མ་ལིང་ག་རེ་ཌི་ (Ramalinga Reddy) མཆོག་གིས་དར་ཆིངས་བཅད་པའི་མཛད་སྒོ་དང་འབྲེལ་བོད་ཀྱི་ཁྲོམ་ར་དེ་ཐུགས་སྣང་ཆེན་པོའི་སྒོ་ནས་གཞུང་འབྲེལ་གྱི་དབུ་འབྱེད་གནང། དབུ་འབྱེད་ཀྱི་མཛད་སྒོ་དེ་བོད་ཀྱི་ཁྲོམ་རའི་ཡང་ཐོག་ཏུ་དབུས་བོད་མི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་མཆོག་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང། སྤྱི་ཁྱབ་འགན་འཛིན། ལས་བྱེད་རྣམ་པ། ཀར་ན་ཊ་ཀའི་མངའ་སྡེའི་ནང་ཡོད་པའི་བོད་མིའི་མཉམ་འབྲེལ་ཁག་གྱི་ཚོགས་གཙོ་རྣམ་པ་དང་སྤྱི་ཁྱབ་འགན་འཛིན། ཁང་བདག ཚོང་ཁང་བདག་པོ་བཅས་མཉམ་ཞུགས་གནང་འདུག མཆོད་མེ་ཞལ་འབྱེད་གྲུབ་པའི་རྗེས་སུ་སྐུ་མགྲོན་རྣམ་པར་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་མཆོག་ནས་འཚམས་འདྲིའི་གསུང་བཤད་གནང་བའི་མཇུག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང། སྐུ་མགྲོན་གཙོ་བའི་གསུང་བཤད་དུ་བོད་ཀྱི་ཁྲོམ་ར་འདིར་བཀྲིས་ཀྱི་སྨོན་འདུན་དང་འབྱུར་འགྱུར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་བོད་ཀྱི་ཁྲོམ་ར་འདིར་རྒྱབ་སྐྱོར་ཡོངས་རྫོགས་ཡོད་སྐོར་གསུངས་འདུག ཁོང་གི་གསུང་བཤད་གྲུབ་པའི་མཚམས་སུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་སྐུ་མགྲོན་གཙོ་བོ་མཆོག་དང། ཁང་བདག་སྐུ་ཞབས་གོ་པལ་ཤེ་ཌེ་ (Gopal Shetty) མཆོག བོད་ཀྱི་ཁྲོམ་རའི་འགྲེམ་ཐོན་པ་ཚོར་པར་ཁང་གི་མཐུན་འགྱུར་གནང་མཁན་ལྕམ་བདེ་སྐྱིད་ཅལ་བ་ལ་དྲན་རྟེན་ཕུལ་ཏེ་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་། མཛད་སྒོ་ཟབ་རྒྱས་ངང་བསྒྲུབས་པའི་རྗེས་སུ་སྐུ་མགྲོན་ཡོངས་རྫོགས་ལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཤིང། སྐུ་མགྲོན་མི་གྲངས་བརྒྱ་ལྷག་མགྲོན་འབོད་ཞུས་པ་རྣམས་མཉམ་འཛོམས་གནང་ཡོད། བོད་ཀྱི་ཁྲོམ་ར་འདི་བཞིན་ཀོ་ར་མང་གྷ་ལའི་སྡེ་ཁག་ལྔ་པར་ཆགས་པའི་ཐོག་རྩེག་ལྔ་ཅན་གྱི་ཁྲོམ་ར་ཞིག་ཡིན། ཚོང་ཁང་བཅུ་དྲུག་ཚོང་ར་འདིར་དཔེ་གསར་ཅན་གྱི་གྱོན་གོས་དང། བོད་ཀྱི་སྐྲ་བཟོ་ཁང་དང་འཇམ་སྤྱད་ཁང། (spa) བོད་ཀྱི་གསོ་བ་རིག་པའི་སྡེ་ཚན (Tibetan healing centre) བོད་ཀྱི་འགྲེམས་སྟོན་དང་ཚོང་ཁང། བོད་ཀྱི་སྐྱེ་ལྡན། བོད་ཀྱི་འགྲིམ་འགྲུལ་ཁང། བེས་ཊན་ཡུ་ནི་ཡན། (western union) མགྲོན་ཁང། ཟས་སྣ་འཛོམས་པའི་ཟ་ཁང་བཅས་ཡོད།
སྤྱི་མཉམ་གྱི་ཚོགས་མི་རྣམ་པས་ཀར་ན་ཊ་ཀའི་གཞུང་འབྲེལ་མི་སྣ་ལྷན་དུ་མཇལ་འཕྲད་གནང།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན། ཀར་ན་ཊ་ཀའི་ནང་གནས་སྡོད་བོད་མིའི་མཉམ་འབྲེལ་ལྔའི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན་རྣམ་པས་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་གཙོས་བོད་མིའི་གཞིས་ཆགས་ལྔའི་རྫོང་དཔོན་ (D.C) ལྷན་དུ་ཚོགས་འདུ་ཞིག་ཚོགས་གནང་འདུག ཚོགས་འདུ་དེར་ནང་སྲིད། ཤིང་ནགས། ཟས་རིགས། གྲོང་སྡེ་ཡར་རྒྱས་སྡེ་ཚན་རྣམས་ཀྱི་དྲུང་ཆེ་དང་ DCC དངུལ་ཁང་གི་འགན་འཛིན་བཅས་མཉམ་ཞུགས་གནང་འདུག ཕྱི་ལོ་ ༢༠༡༡ཟླ་ ༡༡ ཚེས་ ༢༦ ཉིན་ཀར་ན་ཊ་ཀའི་མངའ་སྡེའི་ཚོགས་ཁང་བི་དྷན་སོ་དྷ་ (Vidhan Soudha) ཞེས་པར་ཀར་ན་ཌ་ཀའི་མངའ་སྡེ་གཞུང་གི་དྲུང་ཆེ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་འདུག བཟའ་འབྲུའི་ལག་དེབ་བསྐྱར་བཟོ་གནང་སྐོར་དང། ཞིང་བུན་དང་དངུལ་གྱི་རམ་འདེགས། གཞིས་ཆགས་ནང་གི་ལམ་ཁ་བཟོ་བཅོས་བྱེད་ཕྱོགས་དང་འབྲེལ་སྔ་མ་ནས་མ་གྲུབ་པར་ལྷག་ནས་གནས་པའི་གནད་དོན་མང་པོའི་ཐོག་གྲོས་མོལ་གནང་ཞིང། དྲུང་ཡིག་ཆེ་མོ་ནས་གྲོས་གཞི་རེ་རེའི་གནས་བབ་ཐོག་རྟོག་ཞིབ་གནང་ནས་འབྲེལ་ཡོད་གཞིས་ཆགས་ཁག་གི་རྫོང་དཔོན་དང་སྡེ་ཚན་འགན་འཛིན་རྣམ་པས་ལས་གཞི་ལྷག་འཕྲོད་རྣམས་ཀྱི་ལས་རིམ་མྱུར་དུ་བྱེད་དགོས་པའི་ལམ་སྟོན་གནང་འདུག ཁོང་གིས་བོད་མི་རྒྱ་གར་དུ་གནས་པ་དང་ཡང་སྒོས་སུ་ཀར་ན་ཊ་ཀའི་མངའ་སྡེའི་ནང་དུ་ལོ་ལྔ་བཅུ་ལྷག་གནས་སྡོད་བྱས་པ་ཚོར་ཡུལ་མི་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཐོབ་ཚུལ་གསུངས་འདུག
བོད་མིའི་སྐྱེ་ལྡན་ལ་ཚོང་ཁང་ཡག་ཤོས་བྱ་དགའ་ཐོབ།
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་ཐེངས་དྲུག་པའི་རྒྱལ་སྤྱིའི་སྐྱེ་ལྡན་གྱི་ཁྲོམ་འདུས་ (International Organic Trade Fair) དེ་ BioFach India organic དང་རྒྱ་གར་གྱི་སྐྱེ་ལྡན་ (India Organic) གཉིས་མཉམ་འབྲེལ་ཐོག་སྦེང་ལོར་རྒྱལ་ཁང་གི་ཐང་དུ་ཚོགས་པ་རེད། ཁྲོམ་འདུས་དེར་ཇར་མི་ནི། (Germany) དང། ཨོ་སོ་ཊོ་ལི་ཡ། རྒྱ་གར་གྱི་མངའ་སྡེ་ ༢༢ ཙམ་ནས་ཆ་ཤས་བླངས་ཡོད། དེར་འགྲེམས་སྟོན་གནང་མཁན་ ༡༦༥ ལྷག་དང་ཚོགས་འདུ་མང་པོ་སྐོང་ཚོགས་གནང་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་ལྷན་དུ་གཞིས་འགོ་ཁག་དང། སོ་ནམ་སློབ་སྟོན་པ། (agricultural extension officers) ཞིང་པ་བཅས་ནས་ཚོགས་འདུ་ཁག་དང་བོད་པའི་སྐྱེ་ལྡན་ཐོན་སྐྱེད་ (Tibetan organic produce) ཀྱི་འགྲེམས་སྟོན་གནང་བར་མཉམ་ཞུགས་གནང་འདུག དབུ་འབྱེད་ཀྱི་མཛད་སྒོ་དེར་མངའ་སྡེའི་བློན་ཆེན་སྐུ་ཞབས་ཤི་རི་ཌི་བི་སད་ནན་ད་གོ་ཌ་ (Shri D.V Sadananda Gowda) ཡིས་གཙོ་སྐྱོང་གནང་། བོད་པའི་སྐྱེ་ལྡན་ཏེ་ཚོང་ཁང་ལེགས་ཤོས་ཀྱི་སྡེ་ཚན་ནས་ཨང་རིམ་གཉིས་པའི་བྱ་དགའ་ཐོབ་པ་རེད། རྟགས་མ་དེ་དག་ཀར་ན་ཊ་ཀའི་སོ་ནམ་པའི་བློན་ཆེན་གྱི་བསྩལ་གནང་མཛད། BioFach India organic ནས་ཡིན་པའི་ཟུར་དཔང་རྣམ་པར་ཚོང་ཁང་གི་ནང་གི་བཀོད་པ་དང། ཐོན་རྫས། ཁོར་ཡུག ཚོང་ཁང་ནང་གི་ལས་མི་བཅས་ནས་བོད་ཀྱི་ཚོར་བ་ཞིག་བསྐྲུན་པས་རྟགས་མ་འདི་ཐོབ་ཚུལ་གསུངས་འདུག
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡན་ལག་གསར་པ་དང་སྤྱི་སྤྱོད་རླངས་འཁོར་ཞིག་སྒོ་འབྱེད་གནང།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོར་དབུས་བོད་མི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཟུར་པ་ཚེ་རིང་ཕུན་ཚོགས་ལགས་ནས་བྷེལ་ཀོབ་གཞིས་ཆགས་སུ་མཉམ་འབྲེལ་གྱི་ཡན་ལག་ཅིག་འགོ་འབྱེད་གནང་བ་རེད། དབུས་བོད་མི་སྒྲིག་འཛུགས་དང། བོད་མིའི་མཉམ་འབྲེལ། དགོན་སྡེ་ཁག། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་བརྒྱ་དཔོན་རྣམ་པ། གསར་འགོད་པ་བཅས་སྔ་དྲོའི་ཕྱག་ཚོད་དགུ་པའི་ཐོག་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཡན་ལག་ཡིག་ཚང་འདིར་ཚོང་ལས་དང་སྤྱི་མཉམ་ཐུང་ཆུའི་ལས་གཞི་ (FTCI Trading Co. and FTCI Beverages) ཡོད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོང་ལས་སྡེ་ཚན་གྱིས་ཞིང་པའི་སར་ཞིང་འབྲས་རྣམས་ཉོས་ཏེ་རིན་གོང་འཕར་བའི་སྐབས་སུ་བཟོ་གྲྭ་ཆེན་པོ་རྣམས་ལ་འཚོང་གི་རེད། སྤྱི་མཉམ་ཐུང་ཆུ་སྡེ་ཚན་གྱིས་འཐུང་ཆུ་ལི་ཊར་ཕྱེད་ཀ་དང། གཅིག གཉིས་ཅན་གྱི་ཤེལ་དམ་དང་ལི་ཊར་ཉི་ཤུ་ཅན་གྱི་ཆུ་དམ་བཟོ་བསྐྲུན་དང་ཚོང་སྒྱུར་བྱེད་ཀྱི་རེད། བྷེལ་ཀོབ་གཞིས་ཆགས་ཀྱི་ཞིང་པ་ཚོས་ལོ་རེར་ཨ་ཤོམ་ཊན་ ༨༠༠༠ འདེབས་ཀྱི་ཡོད་པ་དང་དེ་བཞིན་ཧུན་སུར་གྱི་ཞིང་པ་དང་ཀོ་ལེ་གྷལ་གྱི་ཞིང་པས་ལོ་རེར་ཨ་ཤོམ་ཊན་༢༠༠༠ དང་ ༤༠༠༠ ཙམ་ཐོན་སྐྱེད་ཡོང་བཞིན་ཡོད། ཀར་ན་ཊ་ཀའི་མངའ་སྡེའི་ནང་ཡོད་པའི་བོད་པའི་གཞིས་ཆགས་དང་ཉེ་འཁོར་དུ་གནས་པའི་ཡུལ་མི་རྣམ་པས་གཙོ་བོ་ཨ་ཤོམ་འདེབས་ལས་བྱེད་ཀྱི་ཡོད། ཨ་ཤོམ་གྱི་གོང་ཚད་ཉུང་ཤོས་ནི་ཕྱི་ཟླ་ ༡༠ པ་ནས་ ༢ བར་ཡིན་པ་དང་དེ་བཞིན་གོང་ཚད་མཐོ་ཤོས་ནི་ཕྱི་ཟླ་ ༤་ པ་ནས་ ༨ པ་བར་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཐུང་ཆུའི་སྡེ་ཚན་ནས་ཐོག་མར་འཐུང་ཆུ་བཟོ་སྐྲུན་བྱ་རྒྱུ་དང་དེ་ནས་ཚོང་ལས་དེ་བཞིན་སོ་ཌ་དང་ཤིང་ཏོག་གི་ཁུ་བ་རྣམས་བཟོ་སྐུན་གྱིས་རྒྱ་བསྐྱེད་བྱེད་རྒྱུའི་འཆར་གཞི་ཡོད། ཉིན་དེ་ཡི་སྔ་དྲོར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་བྷེལ་ཀོབ་དང་སྦེང་ལོར་བར་ཐད་ཀར་སྐོར་བསྐྱོད་བྱེད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འགོ་འཛུགས་ཞུས་པ་རེད། སྦེལ་ཀོབ་སེ་ར་དགོན་པའི་དགེ་འདུན་པ་ཚོས་གསོལ་འདེབས་གནང་སྟེ་སེ་ར་སྨད་ཀྱི་མཁན་པོ་མཆོག་ནས་བྱིན་གྱིས་བརླབས་གནང་མཛད། སྤྱི་སྤྱོད་རླངས་འཁོར་དེ་ཉིན་རྟག་པར་བྷེལ་ཀོབ་སེ་ར་དགོན་པ་ནས་སྔ་དྲོའི་ཕྱག་ཚོད་བདུན་དང་ཕྱེད་ཀར་ཐོན་ཏེ་སྦེང་ལོར་མེ་འཁོར་འབབ་ཚུགས་སུ་ཕྱག་ཚོད་དང་པོ་འབྱོར་ཞིང། ཕྱག་ཚོད་གཉིས་པའི་ཐོག་མེ་འཁོར་འབབ་ཚུགས་ནས་བྷེལ་ཀོབ་ཕྱིར་ལོག་གི་ཡོད་པས་བྷེལ་ཀོབ་ཏུ་དགོང་མོའི་ཕྱག་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་འབྱོར་གྱི་ཡོད། བརྙན་འཕྲིན་ལྡན་པའི་སྤྱི་སྤྱོད་རླངས་འཁོར་དེ་བཞིན་གྲང་གློག་དང་རྐུབ་སྟེགས་ཡར་མར་སྙེ་བའི་མཐུན་རྐྱེན་ཡོད།
སློབ་ཕྲུག་གསུམ་ལ་ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱི་ཞབས་སྟེག་ཐོབས།
མོན་གྷོ་གཏན་འཇགས་སློབ་གྲྭའི་སློབ་ཕྲུག་གསུམ་ལ་ཀར་ན་ཊ་ཀ་ CET བརྒྱུད་ནས་ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱི་ས་མིག་ཐོབ་པ་དང་རྣམ་པ་གསུམ་ཀར་ན་ཊ་ཀའི་ནང་དུ་ཡོད་པའི་ཆེ་མཐོང་ལྡན་པའི་མཐོ་སློབ་ཏུ་བཟོ་སྐྲུན་རིག་གནས་ཐོག་སློབ་སྦྱོང་གནང་བཞིན་ཡོད། ཀོ་ལེ་གྷལ་གཞིས་ཆགས་ནས་ཡིན་པའི་སློབ་མ་ཚེ་རིང་ཆོས་འཛོམས་ཉིད་ལ་སྦེང་ལོར་དུ་ཡོད་པའི་ New Horizon College of Engineering ཞེས་པར་སློབ་གཉེར་གནང་བའི་ས་མིག་དེ་ཐོབ་པ་དང་ད་ལྟའི་ཆར་ཁོ་མོ་ལོ་བཞིའི་དུས་ཡུན་ཅན་གྱི་གློག་ཀླད་བཟོ་སྐུན་རིག་གནས་རབ་འབྱམས་པ་གནང་བཞིན་ཡོད། ཀོ་ལེ་གྷལ་གཞིས་ཆགས་ནས་ཡིན་པའི་སློབ་བུ་ཤེས་རབ་རྣམ་རྒྱལ་ལ་ AMC Engineering College གི་ས་མིག་དེ་ཐོབ་པ་དང་ཁོང་གློག་ཀླད་བཟོ་སྐྲུན་རིག་གནས་རབ་འབྱམས་པ་གནང་བཞིན་ཡོད། དེ་ནས་བསྟན་འཛིན་རྣམ་གྲོལ་ལ་ Balgaum དུ་ཡོད་པའི་ MarathaMandale College གི་ས་མིག་དེར་འཛུལ་ཞུགས་གནང་ཞིང་ད་ལྟའི་ཆར་འཕྲུལ་ཆས་བཟོ་སྐྲུན་རིག་གནས་རབ་འབྱམས་པ་གནང་བཞིན་ཡོད། སྦེང་ལོར་དུ་སྔ་ལོའི་ཕྱི་ཟླ་བཞི་པའི་ནང་དུ་བོད་མི་སྤྱི་མཐུན་མཉམ་འབྲེལ་ནས་ crash course coaching ཞིག་གོ་སྒྲིག་ཞུས་པ་དེར་རྣམ་པ་གསུམ་པོ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་བསྒྲུབས་ནས་མཉམ་ཞུགས་གནང་བ་རེད། འདས་པའི་ལོ་མང་རིང་སྤྱི་མཉམ་ནས་ཀར་ན་ཊ་ཀའི་ CET ནང་འཛུལ་ཞུགས་འོས་པའི་ཚན་རིག་སྡེ་ཚན་ནས་ཐོན་པའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་རིན་མེད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་ནས་སློབ་ཕྲུག་མང་པོ་ཞིག་ལ་སྨན་པའི་སློབ་སྦྱོང་དང། སོ་སྨན་པའི་སློབ་སྦྱོང། བཟོ་སྐྲུན་རིག་གནས་སུ་སློབ་འཇུག་ལག་སོན་བྱུང་ཡོད།
མཉམ་འབྲེལ་གྱི་སློབ་ཡོན་གསལ་བསྒྲགས།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༦ པའི་ཚེས་ ༡ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ཆེད་ལས་པའི་གཙུག་ལག་སློབ་གཉེར་གྱི་མཉམ་འབྲེལ་སློབ་ཡོན་གསལ་བསྒྲགས་ཤིག་སྤེལ་གནང་མཛད་པ་དེར་འཚང་སྙན་འབུལ་མཁན་གྲངས་ ༡༢༠ བྱུང་བ་ལས་སློབ་ཕྲུག་ ༨༠ ལ་ཆ་རྐྱེན་རྣམས་ཚང་ཞིང། ཕྱི་ཟླ་ ༨ པའི་ཚེས་ ༡༡ ཉིན་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ པ་ཚོགས་པའི་སྐབས་རྒྱན་སྒྲུག་གནང་བ་ལས་བྷེལ་ཀོབ་ལུགས་བསམ་བསམ་གྲུབ་གླིང་གཞིས་ཆགས་ནས་ཡིན་པའི་བཀྲེིས་དོན་གྲུབ་ཡབ་ཚང་དང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་ཡིན་པའི་སྐར་མ་མགོན་པོ་ཚེ་རིང་རྣམ་གཉིས་ལ་ཐོབ་ཅིང། རྒྱན་ཤོག་དེ་དག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གནང་བ་རེད། བཀྲིས་དོན་གྲུབ་ཡབ་ཚང་ལགས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སྡེ་ཚན་ནས་བརྒྱ་ཆ་ ༦༢ སོན་ཞིང་གློག་ཀླད་ཐོག་བཟོ་སྐྲུན་རིག་གནས་རབ་འབྱམས་པའི་ཐོག་སློབ་སྦྱོང་གནང་གི་རེད། སྐར་མ་མགོན་པོ་ཚེ་རིང་ལགས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སྡེ་ཚན་ནས་བརྒྱ་ ༨༧ བཞེས་ཏེ་འཕྲུལ་ཆས་བཟོ་སྐྲུན་ཐོག་བཟོ་སྐྲུན་རིག་གནས་རབ་འབྱམས་པའི་ནང་སློབ་འཇུག་གནང་གི་རེད། རྒྱན་ཤོག་ཐོབ་མཁན་རྣམ་པ་གཉིས་ལ་ལོ་གསུམ་བར་ལོ་རེར་ཧིན་སྒོར་སྟོང་ཕྲག་ལྔ་བཅུ་རེར་སློབ་ཡོན་གྱི་ཚུལ་དུ་གནང་གི་རེད།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་
མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲི
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ
སྲོལ་རྒྱུན་ལྟར་གསོལ་ཇ་དང་འབྲས་
ཚོགས་གཙོ་པདྨ་བདེ་ལེགས་མཆོག་གི
སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་
དམིགས་བསལ་སྐུ་མགྲོན་སྐུ་ཞབས་དེ
དམིགས་བསལ་སྐུ་མགྲོན་ནང་སྲིད་
བོད་མི་མང་སྤྱི་འཐུས་ཀྱི་ཚོགས་
སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ ནས་སློབ་མ་ཚོས་ཕྱི་རྒྱལ་དུ་སློ བ་སྦྱོང་བྱ་རྒྱུ་དང་འབྲེལ་བའི་ འདུ་ཚོགས་ཤིག་གོ་སྒྲིག་ཞུས།
ཕྱི་ལོ་ ༢༠༡༥ ཟླ་བ་ ༣ ཚེས་ ༡༢ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲ
།