༢༠༢༤ ཟླ་ ༡༠ ཚེས་ ༡༧ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་དང་ཚོགས་གཞོན་ནོར་བུ་ཚེ་རིང་མཆོག་དང་མགྲོན་ཁང་འགན་འཛིན་བཅས་སྔ་དྲོ་འབྲས་ལྗོངས་གཞུང་གི་ Chief secretary མཆོག་མཇལ་འཕྲད་ཞུས་ཏེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྐོར་དེ་བཞིན་བོད་མིའི་མཉམ་འབྲེལ་བཅོ་ལྔ་དང་། ལྷག་པར་དུ་སྒང་ཐོག་བོད་ཀྱི་མགྲོན་ཁང་སྐོར་སོགས་ཞིབ་ཁྲ་ཞུ་རྒྱུའི་གོ་སྐབས་བྱུང་སོང་། དེ་བཞིན་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་རྒན་གཞོན་གཉིས་དང་མཇལ་ཏེ་གོང་བཞིན་ཞུ་རྒྱུའི་གོ་སྐབས་བྱུང་ཡོད།